དབུ་ཤོག>ཞིང་འབྲོག་གསར་པ།
  • བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གིས་མཉམ་ལས་ཁང་གི་ཧྲེ་ཡོན་སྒྲིག་འཛུགས་བྱས་ནས་རྩལ་ནུས་དཔྱད་ཞིབ་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-01

    མཉམ་ལས་ཁང་གི་འཕེལ་རྒྱས་འཁོར་སྐྱོད་སྔར་བས་ཚད་ལྡན་ཡོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་བཀོལ་སྤྱོད་ལག་རྩལ་མཐོ་རུ་གཏོང་བ། དེ་གོང་གི་གསོ་སྦྱོང་གྲུབ་འབྲས་ལ་ནུས་ལྡན་ངང་ཞིབ་བཤེར་བཅས་བྱ་ཆེད། ཉེ་དུས་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གིས་གྲོང་ཚོའི་ལག་ཤེས་བཟོ་རྩལ་མཉམ་ལས་ཁང་གི་ཧྲེ་ཡོན་གྱི་རྩལ་ནུས་ལ་དཔྱད་ཞིབ་བྱེད་པའི་ལས་དོན་སྤེལ་བ་རེད།

    དཔྱད་ཞིབ་མ་བྱས་གོང་། “དགེ་རྒན་གྱིས་སློབ་ཁྲིད+མཉམ་འགུལ+ས་གནས་ས་ཐོག་ཏུ་ལྟ་སྦྱོང+ས་གནས་ས་ཐོག་ཏུ་བཀོལ་སྤྱོད”བཅས་ཀྱི་བྱེད་ཐབས་སྤྱད་པ་མ་ཟད། དུས་ཡུན་ཟླ་བ་གཅིག་རིང་གཅིག་སྡུད་གསོ་སྦྱོང་ཡང་བྱས་པ་རེད། གསོ་སྦྱོང་ནང་དོན་ཁྲོད་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁྱབ་པ་མ་ཟད། བཀོལ་སྤྱོད་རང་བཞིན་ཡང་ཆེན་པོ་ལྡན་པས། ལག་རྩལ་ཤེས་པ་དང་མིག་རྒྱང་རིང་རུ་གཏོང་བའི་དམིགས་ཡུལ་གྲུབ་ཡོད། དེའི་རྨང་གཞིའི་ཐོག་ལྕགས་འདམ་ཤང་ཆེད་ལས་མཉམ་ལས་གཞུང་ལས་ཁང་གིས་མཉམ་ལས་ཁང་དང་མཉམ་དུ་དཔྱད་ཞིབ་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་དཔྱད་ཞིབ་ཀྱི་ནང་དོན་གཅིག་གྱུར་དང་དཔྱད་ཞིབ་ཀྱི་གོ་རིམ་ཚད་ལྡན་དུ་བཏང་ཞིང་། དཔྱད་ཞིབ་བྱེད་སྐབས། དེའི་ནང་ཞུགས་མཁན་ཚང་མ་སྙིང་སྟོབས་རབ་ཏུ་འཕེལ་བ་དང་འཁེལ་འཐག་གི་ལག་རྩལ་བྱང་ཆུབ་པོ་ཡོད་པ་རེད།

    ད་ཐེངས་དཔྱད་ཞིབ་བརྒྱུད། སློབ་མ་གསོ་སྦྱོང་ནང་ཞུགས་རྗེས་ཀྱི་འཇོན་ཐང་ལ་ཞིབ་བཤེར་ནུས་ལྡན་ཐུབ་པ་མ་ཟད། སློབ་མར་རང་ངོས་འཕེལ་རྒྱས་ཀྱི་སྟེགས་བུ་མཁོ་འདོན་ཐུབ་སྟེ་གསོ་སྦྱོང་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་དཔྱད་ཞིབ་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་གྲུབ་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།