དབུ་ཤོག>ཞིང་འབྲོག་གསར་པ།
  • བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་བཀའ་དྲིན་འཇལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-19

    སྤོ་བོ་རྫོང་རྒུ་ཤང་བཤོལ་བ་ཁ་གྲོང་ཚོ་ནི་དེ་སྔ་གྲོང་ཚོ་སྐྱོ་པོ་ཞིག་ཡིན་ཞིང་། ལོ་མང་རིང་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་དེ་བཞིན་གྲོང་སྡོད་ལས་བྱེད་པའི་རོགས་རམ་འོག་ཇ་ཞིང་མུའུ་སྟོང་ཡོད་པའི་མཛེས་སྡུག་ལྡན་པའི་འབྱོར་འབྲིང་གྲོང་ཚོ་ཞིག་ཏུ་གྱུར། གྲོང་ཚོ་དེའི་གྲོང་མི་མང་པོ་ཞིག་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་འཕོ་འགྱུར་ཆེན་པོ་བྱུང་ཡོད་ལ་བཀྲ་ཤིས་ཚེ་རིང་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།

    བཀྲ་ཤིས་ཚེ་རིང་ནི“བརྒྱད་ཅུའི་ནང་སྐྱེས”ཀྱི་གཞོན་ནུ་ཞིག་ཡིན་པ་དང་དུས་མཚུངས་བུ་མོ་བཞིའི་ཕ་ཡང་རེད། ཁོང་ནི་ཁ་ཁུ་སིམ་ལ་ངོ་ཚ་སྨིན་པ་ཞིག་ཡོད་མོད། འོན་ཀྱང་བབ་བརླིང་ལྡན་ལ་འགན་འཁྲི་ཁུར་སེམས་ཆེ་བའི་མི་ཞིག་རེད། 2021ལོར་ཁོང་བཤོལ་བ་ཁ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིར་བདམས། འོན་ཀྱང་ལོ་ལྔའི་གོང་དུ་ཁོང་གི་ཁྱིམ་ཚང་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད།

    2016ལོའི་ལོ་འགོར། ལོ་ན་ཕྲ་བའི་བུ་མོ་བཞི་གསོ་སྐྱོང་བྱེད་དགོས་ལ་བཟའ་ཟླའི་གཟུགས་པོའང་ཐང་པོ་མེད་ཁར་ཁོང་རང་ཉིད་ཀྱང་རིམ་པ་བཞི་པའི་རྐང་ལག་དབང་སྐྱོན་ཞིག་ཡིན་སྟབས་བཀྲ་ཤིས་ཚེ་རིང་གི་ཁྱིམ་ནི་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས།

    དེ་སྔ་བཀྲ་ཤིས་ཚེ་རིང་ནི་ད་ལྟའི་འཚོ་བར་བློ་ཡིད་ཚིམ་ནས་སྡོད་རྐྱང་བྱེད་པ་ལས་ཧུར་སེམས་གཏན་ནས་མེད། དེས་ན་གྲོང་ཚོའི་རྒན་རབས་ཚོས་ན་གཞོན་དེ་ཉིན་ལྟར“སྒུག་རྟེན་སློང”གསུམ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་བར་མ་བཟོད་པར་རྟག་ཏུ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་མཉམ་དུ་བཀྲ་ཤིས་ཚེ་རིང་ལ་སློབ་གསོ་ཡང་ཡང་བརྒྱབ་མཐར། ཁོང་གིས་རང་ཉིད་ཀྱི་ད་ལྟའི་རྣམ་པར་འགྱུར་ལྡོག་གཏོང་རྒྱུའི་སེམས་ཐག་བཅད་པ་དང་ཚང་མའི་ལྕག་སྐུལ་དང་རོགས་རམ་འོག་ཁོང་གིས་ནན་ཏན་ངང་འཚོ་བ་སྐྱེལ་འགོ་བཙུགས། ནགས་ཁྲོད་ཐོན་ཁུངས་འཐུ་བའི་དུས་སྐབས་སུ། བཀྲ་ཤིས་ཚེ་རིང་གིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་བེ་ཤ་དང་ཀོ་ཤ་སོགས་བཀོག་སྟེ་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་ཐབས་བྱས། 2016ལོའི་ལོ་མཇུག་ཏུ་བཀྲ་ཤིས་ཚེ་རིང་གི་ཁྱིམ་བདེ་བླག་ངང་དབུལ་སྒྲོལ་ཐུབ།

    གྲོང་ཚོ་དེའི་ཏང་ཡོན་དང་མང་ཚོགས་ཚང་མས་བཀྲ་ཤིས་ཚེ་རིང་གི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ཞིང་། ཁོང་ནི་བབ་བརླིང་ལྡན་ལ་གཞན་ཕན་བསྒྲུབ་རྒྱུར་དགའ་པོ་ཡོད་སྟབས་2021ལོར་གྲོང་ཚོའི“ཨུ་ལྷན་གཉིས”སྐབས་བརྗེ་བྱེད་སྐབས་མང་ཚོགས་ཀྱིས་ཁོང་གྲོང་ཚོའི་ལས་བྱེད་པའི་འོས་མིར་བདམས་པ་རེད། འདེམས་བསྐོའི་ཁྲོད་ཁོང་ལ་འདེམས་ཤོག་ཆ་ཚང་ཐོབ་པ་དང་བཤོལ་བ་ཁ་གྲོང་ཚོའི་དྲིལ་བསྒྲགས་ཨུ་ཡོན་དང་འཕྲོད་བསྟེན་ཨུ་ཡོན། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་བཅས་སུ་བདམས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་ཞིག་ཏུ་གྱུར།

    ད་ཆ་ཁོང་ནི་ལས་སྒོའི་འཇོན་ཐང་ཆེ་བ་དང་། འགན་འཁྲི་ཁུར་སེམས་ཆེ་བ། ལས་དོན་སྒྲུབ་སྐབས་ཞིབ་ནན་ཆེ་བ་བཅས་ཀྱི་ཚད་གཞི་ལོན་པའི་གྲོང་ཚོའི་ལས་བྱེད་པར་གྱུར་བ་དང་མང་ཚོགས་ཚང་མས་ཁོང་ལ“བབ་བརླིང་ལྡན་ལ་ཧུར་སེམས་ཆེ་བ”དང“གཞུང་དྲང་བབ་ཆགས་དང་གྲོང་ཚོའི་མཉམ་སྡེབ་ལས་དོན་ཐད་ནམ་ཡང་མདུན་ཕྱོགས་སུ་གདོང་མཆོང་བྱེད་མཁན”ཞེས་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་བཞིན་མཆིས།

    “རང་ཉིད་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས། དེ་བཞིན་རོགས་སྐྱོར་ལས་བྱེད་པས་རང་ཉིད་ལ་རོགས་རམ་གནང་ནས་ངའི་ཁྱིམ་གྱི་དཀའ་ངལ་བསལ་བ་མ་ཟད། ངར་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་གོ་སྐབས་གནང་བྱུང་། ད་ཆ་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་པས་ངས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་ཉིད་ཀྱི་ལས་ཀའི་རྩ་དོན་དུ་བརྩིས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་དྲིན་ལན་འཇལ་རྒྱུ་ཡིན”ཞེས་བཀྲ་ཤིས་ཚེ་རིང་གིས་བློ་རྩ་བརྟན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།