དབུ་ཤོག>ཞིང་འབྲོག་གསར་པ།
  • དཔལ་འབར་རྫོང་གིས་ཐབས་བརྒྱ་ཇུས་སྟོང་ངང་ཞིང་འབྲོག་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-23

    དཔལ་འབར་རྫོང་གིས“སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་དང་། ཐོན་ལས་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བ། སྒོ་དབྱེ་ལ་བརྟེན་ནས་རྫོང་གི་གསོན་ཤུགས་འཕེལ་བ། དམངས་འཚོར་བརྟེན་ནས་རྫོང་ལ་ཕན་པ་འདོགས་པ”བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། ཐོན་ལས་དར་རྒྱས། ལས་ཞུགས་བརྟན་པོ་བཅས་ཀྱི་སྒོ་ནས་ཕུགས་ཕན་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་འབྲོག་པར་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཡོད་པ་བཅས་བྱས་ཡོད།

    ཐོན་ལས་རྒྱ་ཆེར་བཏང་ནས་མང་ཚོགས་ཕྱུག་པོ་ཆགས་པར་བྱས་པ། 

    2013ལོར་སྙེ་མོ་ཤང་ཞོལ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རྡོར་གྱིས་གྲོང་མི་དང་གྲོས་མོལ་བྱས་ནས། ས་བབ་ཀྱི་ལེགས་ཆ་སྤྱད་དེ“ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་འབྲེལ་རྣམ་པར་བརྟེན་ནས་བྱེ་རྡོ་ར་བ་བཙུགས་པ་དང་འབྲེལ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་སྣ་སྒྲིག་འཛུགས་བྱས་ནས་ལྷ་ས་དང་ཆབ་མདོར་འཕྲུལ་ཆས་སྣ་ཚོགས་ཀྱི་ཁ་ལོ་བའི་ལག་རྩལ་སྦྱོང་བར་བཏང་བ་རེད། ད་ཆ་ལག་རྩལ་མི་སྣ་སྣ་ཚོགས་15ཡོད་པ་དང་ལོ་ལྟར་ཁེ་སྤོགས་སྒོར་ཁྲི་80ལྷག་ཙམ་བྱུང་ནས། གྲོང་ཚོ་ཡོངས་ཀྱི་དུད་ཚང་142ཀྱི་མི་829ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་5000ལྷག་ཙམ་བྱུང་ཡོད།

    རྡོ་དབར་ཤང་མདའ་མདོ་གྲོང་ཚོའི་འབྲི་གཡག་གསོ་ཚགས་ནི་ས་གནས་དེ་གའི་སྲོལ་རྒྱུན་གྱི་ཐོན་ལས་ཡིན་པ་དང་། སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་གྲོང་ཚོ་དེས་འབྲི་གཡག་གསོ་ཚགས་བྱ་གཞག་འཕེལ་རྒྱས་ཀྱི་ཨང་དང་པོར་བཞག་སྟེ། 2018ལོའི་ཟླ་6པར་རྡོ་དབར་ཤང་འབྲི་གཡག་རྒྱགས་གསོའི་རྟེན་གཞི་བཙུགས་པ་རེད། རྟེན་གཞི་དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་1459.68ཡོད་པ་དང་། མིག་སྔའི་བར་འབྲི་གཡག་138ཡོད་ཅིང་། 2020ལོར་ཁེ་སྤོགས་སྒོར་ཁྲི་6ལྷག་ཙམ་བྱུང་ནས་རྣམ་གྲངས་15ཡི་ནང་ཞུགས་མཁན་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་4000བྱུང་ཡོད་པ་རེད།

    བོད་སྐྱོར་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ།

    2017ལོར་ཧྥུའུ་ཅན་བོད་སྐྱོར་གྱི་རོགས་རམ་འོག དཔལ་འབར་རྫོང་གི་ལོ་རྒྱུས་ཐོག་གི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་དང་པོ་སྟེ། དཔལ་འབར་གྱི་བོད་གྲོ་དམར་པོའི་ལས་སྣོན་རྣམ་གྲངས་དོན་འཁྱོལ་བྱུང་བ་དེས་ས་གནས་དེ་གའི་མང་ཚོགས་དུད་ཚང་300ལྷག་ཙམ་གྱི་མི་1000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    དཔལ་འབར་རྫོང་གྲོང་ནས་རླངས་འཁོར་བསྡད་དེ་སྤྱི་ལེ་49བསྐྱོད་རྗེས་ས་བབ་མཐོ་ཚད་སྨི་4200ཟིན་པའི་ལྷ་རྩེ་ཤང་ལྷ་རྩེ་གྲོང་ཚོར་འབྱོར། བརྗིད་ཉམས་ལྡན་པའི་གངས་རི་དང་གསེར་མདོག་གི་བོད་བཟོའི་ཐོག་ཁང་སྟར་པ་དང་སྟར་པ་བྱས་པའི་མིག་ལམ་དུ་འཆར། དེ་ནི་བོད་སྐྱོར་ལས་དོན་རུ་ཁག་གིས་2017ལོར་བསྐྲུན་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཁག་དང་པོ་དེ་ཡིན་པ་དང་དུད་ཚང་དབུལ་པོ་རེས་སྒོར་ཁྲི་1ལས་སྤྲོད་དགོས་བྱུང་མེད་པས་དུད་ཚང་དབུལ་པོའི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་བཏང་ཡོད།

    ལས་ཞུགས་བརྟན་པོ་དང་སྨན་བཅོས་འགན་ལེན་ལས་འཚོ་བའི་སྤུས་ཚད་དེ་བས་ལེགས་སུ་ཕྱིན་པ།

    ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། ད་བར་དཔལ་འབར་རྫོང་གིས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལས་ཞུགས་གཞན་སྒྱུར་དང་རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་ལེགས་སུ་གཏོང་ཆེད། རྩལ་ནུས་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས“ཁེ་ལས་ཀྱིས་འགན་གཙང་ལེན་པའི”རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཡོད། 2018ལོར་དཔལ་འབར་རྫོང་མི་སྤྱི་ཅུས་ཀྱིས་ཞིང་འབྲོག་མང་ཚོགས་230ལྷ་སའི་ཐུང་ཙེ་ཚོགས་པར་བཏང་སྟེ“ཁེ་ལས་ཀྱིས་འགན་གཙང་ལེན་པའི”ལས་ཞུགས་གཞན་སྒྱུར་གྱི་རྩལ་ནུས་གསོ་སྦྱོང་ནང་ཞུགས་སུ་བཅུག གསོ་སྦྱོང་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་ཚོས་གོམ་སྟབས་རྗེས་མའི་ལས་ཞུགས་ཀྱི་ཁ་ཕྱོགས་གསལ་པོ་ཤེས་པ་དང་གསོ་སྦྱོང་ནང་ཞུགས་མཁན་160ལྷག་ཙམ་ལས་ཞུགས་ཐུབ་ཡོད།

    སྨན་བཅོས་ཐད་དཔལ་འབར་རྫོང་སྨན་བཅོས་འགན་ལེན་ཅུས་ཀྱིས་ཞིང་འབྲོག་མང་ཚོགས་རྣམས“ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག”བཀག་འགོག་བྱེད་ཆེད། 2019ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་། ཆབ་མདོ་གྲོང་ཁྱེར་དམངས་བདེ་སྨན་ཁང་བཅས་སྨན་ཁང་བཞི་དང“སྔོན་ལ་སྨན་བཅོས་དང་རྗེས་ལ་སྨན་རིན་རྩིས་རྒྱག་པའི”སྨན་བཅོས་ཞབས་ཞུའི་འགན་ལེན་གྲོས་མཐུན་བཞག་སྟེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྨན་བཅོས་ཀྱི“ཐོགས་མེད་བགྲོད་ལམ”བཏོད་པས། སྔོན་ལ་ལྗོངས་ནང་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་གྲོས་མཐུན་འཇོག་མཁན་ཆབ་མདོ་གྲོང་ཁྱེར་གྱི་རྫོང་ལ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།