
སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཚུན། སྨན་བཅོས་བོད་སྐྱོར་རུ་ཁག་ཁག་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། འཇོན་ཐང་ཆེ་རུ་གཏོང་བ། ཚན་ཁག་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐད་བརྟག་དཔྱད་དང་བྱ་ཐབས་བཏོན་ཏེ། “དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”སོགས་ཀྱི་ལས་ཀའི་བྱ་ཐབས་ལག་ལེན་ཧུར་ཐག་བསྟར་བ་དང་། “གཞན་རྟེན་གྱི་གསོ་རླུང་མཁོ་འདོན”ནས“རང་རྟེན་གྱི་གསོ་རླུང་བཟོ་བའི”བར་རིམ་སྤོར་བྱེད་པ། ལྗོངས་ཕྱིའི་སྔོན་ཐོན་སྨན་བཅོས་ལག་རྩལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འདུ་ཤེས་བོད་དུ་ཁྱབ་གདལ་གཏོང་བ། རང་ལྗོངས་ཀྱི་སྨན་དོན་མི་སྣའི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་པ་དང་དུས་མཚུངས། སྨན་པ་བསྟེན་མཁན་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་ཐང་དང་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་གང་ཐུབ་བྱས་པ་རེད། འདི་ནི་ཅི་ལིན་ཞིང་ཆེན་ལེའོ་ཡོན་གྲོང་ཁྱེར་སྨན་བཅོས་བོད་སྐྱོར་རུ་ཁག་ཁག་དང་པོས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཅང་གྲོང་ཚོའི་གྲོང་མིར་འོས་འགན་སྨན་བཅོས་བྱེད་བཞིན་པ།