ཉེ་ཆར། རྒྱལ་ཁབ་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་གཙོ་གཉེར་བྱས་པའི་བོད་ལྗོངས་སྣང་རྫོང་གི་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་སློབ་མཇུག་འགྲིལ་ཞིང་། སྣང་རྫོང་གི་གཞི་རིམ་ཏང་ཡོན་དང་ལས་བྱེད་པའི་འཐུས་མི་62གསོ་སྦྱོང་ནང་ཞུགས་པ་རེད།
གསོ་སྦྱོང་བྱེད་སྐབས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ཡོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་སྣང་རྫོང་གི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་བཀོད་སྒྲིག་གི་དགོས་མཁོར་དམིགས་ཏེ། ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས། གདམ་ཡུལ་གནད་འཁེལ། ཕན་འབྲས་ལ་མཐོང་ཆེན་བཅས་བྱེད་པ་དང་། ཐོན་ཁུངས་ཀྱི་སྤུས་ཚད་ལ་གཞི་ཚུགས་པ། ཞན་ཆར་དམིགས་པ་བཅས་བྱས་ནས་སྣང་རྫོང་གི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། འདུ་ཤེས་ཀྱི་བསམ་ཕྱོགས། ཉམས་མྱོང་དང་ཐབས་ལམ་སོཌ་ཀྱི་ཐད་སློབ་སྦྱོང་བྱེད་པ་དང་། དཔྱད་གཞིར་འཛིན་པ། ལད་མོ་བྱེད་པ་བཅས་ཆོག་པའི་བྱ་ཐབས་གལ་ཆེན་བཏོན་པས། སྣང་རྫོང་གི་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་གྲོང་གསེབ་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་རེད།
གསོ་སྦྱོང་བྱེད་རིང་། སློབ་མ་ཚོ་ཅི་ནན་དང་། ཧྲོའུ་ཀོང་། ཝུའེ་ཧྥང་། ཆིང་ཏའོ་སོགས་ས་ཆར་ཆེད་དོན་འཆད་ཁྲིད་ཐེངས་3ལ་སྔ་རྗེས་སུ་ཞུགས་པ་དང་། གྲོང་གསེབ་6དང་། གླིང་ཁུལ་1 ཚོད་ལྟ་ཁུལ་1བཅས་སུ་བསྐྱོད་དེ་ས་གནས་ས་ཐོག་གི་སློབ་ཁྲིད་ཐེངས་8ལ་ཞུགས་པ་རེད། སློབ་ཁྲིད་གསོ་སྦྱོང་དང་། ས་གནས་ས་ཐོག་གི་ལྟ་སྦྱོང་། མྱོང་རོལ། སྤེལ་རེས་དང་བགྲོ་གླེང་སོཌ་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེང་རབས་ཀྱི་གྲོང་གསེབ་བཅོས་སྐྱོང་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ཕྱོཌ་བསྡུས་ཚོད་ལྟའི་གླིང་འཛུགས་སྐྲུན་སོགས་ཀྱི་ཉམས་མྱོང་གཙོ་གནད་ཐོག་སློབ་སྦྱོང་བྱས་པས། སློབ་མ་ཚོས་དེང་རབས་ཅན་གྱི་ཞིང་ལས་དང་གྲོང་གསེབ་ལ་ཕྱོགས་ཡོངས་ནས་རྒྱུས་མངའ་ཆེན་པོ་བྱུང་བ་མ་ཟད། རང་རྒྱལ་གྱི་དེང་རབས་ཅན་གྱི་ཞིང་ལས་མ་ལག་སྐྲུན་པ་དང་། ཞིང་སྡེའི་ཕྱོཌ་བསྡུས་སྒྲིག་གཞི་འཛུགས་སྐྱོང་། ཁྱད་ལྡན་ཤིང་འབྲས་ཀྱི་སྤུས་རྟགས་གཏོད་པ། འབྲོག་ལས་གསོ་ཚཌ་ཚོ་འདུས་ཅན་གྱི་འཛུགས་སྐྱོང་སོཌ་ཀྱི་གནས་ཚུལ་ལའང་ཐད་ཀའི་མྱོང་ཚོར་དང་ཤེས་རྟོགས་ཟབ་མོ་བྱུང་ཡོད་པ་རེད།