དབུ་ཤོག>ཞིང་འབྲོག་གསར་པ།
  • ​རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་གྱི་མང་ཚོགས་དང་རྒྱལ་དར་སྐོར་གྱི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-12-19

    སྐར་ལྔའི་དར་དམར་ནི་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་མཚོན་བྱེད་དང་མཚོན་རྟགས་ཤིག་རེད་ལ། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་མཚོན་ཚུལ་ཞིག་ཀྱང་རེད། རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་གྱིས་སྔ་ཕྱི་བར་གསུམ་དུ་རྒྱལ་དར་དང་། རྒྱལ་གླུ། རྒྱལ་རྟགས་བཅས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས་བྱེད་སྒོ་གལ་ཆེན་སྤེལ་སྐབས་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད།

    འདི་ལོ་ལོ་76ལ་སླེབས་པའི་བགྲེས་སོང་བཀྲ་ཤིས་ནི་བདེ་སྐྱིད་གླིང་གྲོང་རྡལ་གྱི་སྐར་ལྔའི་དར་དམར་ཐོག་ཁར་འཛུགས་མཁན་ཐོག་མ་དེ་ཡིན་ཞིང་། བོད་རྙིང་པར་སྐྱེས་པ་དང་དར་དམར་འོག་འཚར་ལོངས་བྱུང་བའི་བགྲེས་སོང་བཀྲ་ཤིས་ཀྱིས་བོད་རྙིང་པའི་དཀའ་སྡུག་ཤེས་པས་ད་ཆ་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་དེ་བས་གཅེས་སྤྲས་བྱེད་ཀྱི་ཡོད། ཁོང་གིས“ངའི་ཕ་མའི་དུས་སྐབས་སུ་ཚེ་གང་འཚོ་བ་དཀའ་ངལ་ཆེན་པོ་ཡོད་པ་དང་སྐུ་དྲག་གི་ཁྱིམ་དུ་བྲན་གཡོག་རྒྱུག་དགོས་པས་འཚོ་བར་དཀའ་སྡུག་ཆེན་པོ་ཡོད། ད་ཆ་བོད་ཀྱི་ཡོད་ཚད་གུང་ཁྲན་ཏང་གིས་གནང་བ་ཞིག་ཡིན་པས་ངས་རྒྱལ་ཁབ་ལ་དགའ་ཞེན་མི་བྱེད་པ་ག་ལ་སྲིད”ཅེས་བཤད།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བགྲེས་སོང་བཀྲ་ཤིས་ཀྱིས་རང་ཁྱིམ་དུ་རྒྱལ་དར་བཙུགས་པ་དང་། དམ་བཅའ་བརྟན་པོ་བཞག་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཤིང་། སྐར་ལྔའི་དར་དམར་ནི་ཁོང་གི་རྒྱུ་ནོར་རྩ་ཆེ་ཤོས་ཤིག་ཡིན།

    བདེ་སྐྱིད་གླིང་གྲོང་རྡལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཞིག་གིས། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་ད་བར་བགྲེས་སོང་བཀྲ་ཤིས་ཀྱིས་རྒྱལ་དར་93བརྗེས་པ་དང་རྒྱལ་དར་78ཉར་ཚགས་བྱས་ཤིང་། རྒྱལ་དར་འགེལ་ཡུན་རིང་ཤོས་ལོ་ལྔ་བཀལ་བ་རེད། སྐར་ལྔའི་དར་དམར་རེ་རེ་ནི་བགྲེས་སོང་བཀྲ་ཤིས་ཀྱི་ནང་མི་ཚོས་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་གཅེས་སེམས་རེད་ལ། བདེ་སྐྱིད་གླིང་གྲོང་རྡལ་གྱི་མང་ཚོགས་དང་གངས་ལྗོངས་ས་མཐོའི་བུ་ཕྲུག་གི་རྒྱལ་གཅེས་ཁྱིམ་གཅེས་ཀྱི་མཚོན་ཚུལ་ཞིག་དེ་བས་རེད་ཅེས་ངོ་སྤྲོད་བྱས།

    མང་ཚོགས་ཀྱི་རང་འགུལ་བྱ་སྤྱོད་ཕུད། བདེ་སྐྱིད་གླིང་གྲོང་རྡལ་གྱི་གྲོང་སྡོད་ལས་དོན་རུ་ཁག་དང་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཚན་ཁག་གིས་དུས་བཀག་ལྟར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གྲོང་མིའི་ཁྱིམ་གྱི་རྒྱལ་དར་རྙིང་པ་བསྡུས་པ་དང་འབྲེལ། དེ་དག་གཅིག་གྱུར་གཙང་མར་བཀྲུས་ནས་སྡེ་ཁུལ་གྱི་གཟི་བརྗིད་མཚན་སྙན་ཁང་དུ་བཞག་སྟེ། སླད་ཕྱིན་སྡེ་ཁུལ་གྱི་གསར་བརྗེའི་གྲོང་ཚོའི་ལོ་རྒྱུས་ཁང་གི་འགྲེམས་རྫས་སུ་བརྩིས་ནས། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དེ་བས་མང་བར་སློབ་སྦྱོང་དང་ལྟ་སྐོར་ཐུབ་པར་བྱེད་ཀྱི་ཡོད།

    གྲོང་མི་ཚེ་རིང་གིས“གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱལ་དར་རྙིང་པ་བསྡུ་བ་དང་འབྲེལ་གཙང་མར་བཀྲུས་ནས་ཉར་ཚགས་བྱེད་པའི་སྤྱིར་བཏང་བྱ་སྤྱོད་ལས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ད་ཆ་གྲོང་མི་ཚོས་རང་འགུལ་ངང་རྒྱལ་དར་རྙིང་པ་བརྗེས་ནས་གཙང་མར་བཀྲུས་རྗེས་ཁྱིམ་དུ་ཉར་ཚགས་བྱེད་པའམ་ཡང་ན་གྲོང་སྡོད་ལས་དོན་རུ་ཁག་ལ་སྤྲད་དེ་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པར་བྱེད་ཀྱི་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།