འདི་ནི་མང་ཚོགས་ཀྱིས་ཐོན་ལས་གླིང་དུ་སུར་པན་འཐུ་བཞིན་པ།
འདི་ནི་ཐོན་ལས་གླིང་གིས་རིག་ནུས་ཅན་གྱི་མ་ལག་སྤྱད་དེ་སྔོ་ཚལ་ལ་ཆུ་སྟོར་བཞིན་པ།
འབྱུང་འཕྲོད་འཕེལ་རྒྱས་ནི་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཤེས་དང་ཐབས་ལམ་གཙོ་བོ་ཞིག་རེད། བོད་ལྗོངས་མཁའ་འགྲུལ་ཁུལ་གསར་གྱིས་བོད་ལྗོངས་མཁའ་འགྲུལ་དེང་རབས་འཁོར་སྐྱོད་ཞིང་ལས་ཐོན་ལས་གླིང་བསྐྲུན་ནས། ལྗོངས་ཡོངས་སུ“འདེབས་གསོ་ཟུང་འབྲེལ”གྱི་སྐྱེ་ཁམས་ཞིང་ལས་འཁོར་སྐྱོད་བྱ་ཐབས་ཐོག་མར་སྤྱད་པ་དེས། ལྷ་ས་གྲོང་ཁྱེར་ལ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱས་ནས། ཞིང་དུད་ལ་འབབ་འཕར་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རྣམ་གྲངས་དེས“ཀུང་སི་+རྟེན་གཞི་+མཉམ་ལས་ཁང་+ཞིང་དུད་+ཀུང་སི”བཅས་ཀྱི་མཉམ་ལས་བྱ་ཐབས་ལ་བརྟེན་ནས། ཉེ་འཁོར་ཞིང་དུད་ཀྱི་ཐོན་ལས་ཕྱུག་འགྱུར་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཤིང་། མིག་སྔར། དུས་ཐེངས་དང་པོའི་རྣམ་གྲངས་ཀྱིས་ནུས་ཆེའི་ཉི་འོད་འགྱིག་ཤོག་དྲོད་ཁང་ཆེན་པོ་63དང་། མུའུ་35ཟིན་པའི་གསོ་ཚགས་ཁུལ་35གསར་པ་བསྐྲུན་པ་དང་། དུས་ཐེངས་གཉིས་པའི་རྣམ་གྲངས་སྐྲུན་རིང་། ནུས་ཆེའི་ཉི་འོད་འགྱིག་ཤོག་དྲོད་ཁང་ཆེན་པོ་50དང་། ཚད་ལྡན་ཅན་གྱི་དཔེ་སྟོན་འགྱིག་ཤོག་དྲོད་ཁང་ཆེན་པོ་2 ཁག་བགོས་ལྟེ་གནས། བཟའ་བཅའ་ལས་སྣོན་ཞིབ་ཚགས་བཟོ་གྲྭ ཟོག་འགྲེམས་མཛོད་ཉར་སོགས་གསར་སྐྲུན་བྱེད་རྒྱུ་ཡིན་པ་ཚང་མར་རིག་ནུས་ཅན་གྱི་སྒྲིག་བཀོད་སྒྲིག་ཆས་སྤྱོད་རྒྱུ་ཡིན་པ་རེད།