དབུ་ཤོག>ཞིང་འབྲོག་གསར་པ།
  • སྨན་རིན་མཇུག་རྩིས་རྒྱག་པར་སྔར་ལས་སྟབས་བདེ་རུ་བཏང་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-10-08

    ནད་པར་སྨན་བཅོས་བྱེད་སྐབས་སྟབས་བདེ་བསྐྲུན་པ་དང་། ཨང་ཀི་བཀག་པ་དང་བང་སྒྲིག་པའི་དུས་ཚོད་ཐུང་དུ་གཏོང་ཆེད། 2021ལོའི་ཟླ་10ཚེས་8ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་རང་འདེམས་འཕྲུལ་ཆས་ནས་སྨན་བཅོས་དཀྱུས་མའི་འགན་བཅོལ་གྱི་སྨན་རིན་མཇུག་རྩིས་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། ནད་པས་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ཁྱེར་ཏེ་རང་འདེམས་འཕྲུལ་ཆས་ནས་གཱ་དྲད་དང་ཨང་བཤེར་བྱས་ཚེ། སྨན་བཅོས་དཀྱུས་མའི་འགན་བཅོལ་གྱི་སྨན་རིན་མཇུག་རྩིས་རྒྱག་ཐུབ།

    གལ་ཆེའི་དྲན་སྐུལ། 

    རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་ཅུས་ཀྱིས་དམིགས་བསལ་ནད་རིགས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རིན་མཇུག་རྩིས་ལ་ཞིབ་མཆན་ནན་པོ་བྱེད་ཀྱི་ཡོད་པས། མི་ཐབས་ལ་བརྟེན་ནས་ཞིབ་མཆན་བྱེད་དགོས་ཀྱི་ཡོད། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིགས་རང་འདེམས་འཕྲུལ་ཆས་ནས་མཇུག་རྩིས་རྒྱག་མི་ཐུབ་པས། སྐར་ཁུང་དུ་བསྐྱོད་དེ་སྨན་བཅོས་འགན་བཅོལ་གྱི་སྨན་རིན་མཇུག་རྩིས་རྒྱག་དགོས།

    བེད་སྤྱོད་བྱེད་སྟངས། 

    གོམ་སྟབས་དང་པོ། རང་འདེམས་འཕྲུལ་ཆས་ནས“དངུལ་འཇལ”ངོས་བཅད་མནན་ནས་གྲོན་དངུལ་འཇལ་ངོས་སུ་འཛུལ་དགོས།

    1.jpg

    གོམ་སྟབས་གཉིས་པ། ཐོ་འགོད་བྱེད་སྟངས“སྨན་བཅོས་གཱའམ”ཡང་ན“སྨན་བཅོས་གཱ་ཡི་རྩ་གཉིས་ཨང་རྟགས”(གཱ་དྲད་དང་ཨང་བཤེར)གཉིས་ནས་གདམ་ག་བྱེད་དགོས།

    2.jpg

    གོམ་སྟབས་གསུམ་པ། མི་སྒེར་གྱི་ཆ་འཕྲིན་གཏན་འཁེལ་བྱེད་དགོས།

    3.jpg

    གོམ་སྟབས་བཞི་པ། དངུལ་འཇལ་གྱི་ཞིབ་རྩིས་གཏན་འཁེལ་བྱེད་དགོས།

    4.jpg

    གོམ་སྟབས་ལྔ་པ། དངུལ་སྤྲོད་སྟངས་བདམས་ཏེ“སྨན་བཅོས་འགན་བཅོལ་གཏོང་སྤྲོད”ཅེས་པ་མནན་དགོས།

    5.jpg

    གོམ་སྟབས་དྲུག་པ། སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་བྱེད་སྟངས“ཐོབ་ཐང་ལག་ཁྱེར”རམ“གློག་རྡུལ་སྨན་བཅོས་འགན་བཅོལ་གཱ”(གཱ་དྲད་དང་ཨང་བཤེར)གཉིས་ནས་འདེམས་དགོས།

    6.jpg

    གོམ་སྟབས་བདུན་པ། དངུལ་སྤྲོད་པའི་ཆ་འཕྲིན་གཏན་འཁེལ་བྱེད་པ་དང་སྦྲགས་གཏོང་སྤྲོད་ལེགས་གྲུབ་བྱེད་དགོས།

    7.jpg

    ཤ་ཚའི་དྲན་སྐུལ།

    1.སྨན་བཅོས་འགན་བཅོལ་གཱ་ཡི་གློག་རྡུལ་དཔང་ཡིག་རག་པ་བྱེད་དགོས།

    (1)ཀུ་ཤུའམ་ཡང་ན་ཨན་ཀྲོ་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་ཚོང་ཁང་ནས“རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་ལས་སྟེགས”APPཕབ་ནས་མི་སྒེར་གྱི་ཆ་འཕྲིན་བདེན་དཔང་རྒྱོང་དགོས།

    (2)སྐད་འཕྲིན་ནས“ལྷ་སའི་སྨན་བཅོས་འགན་བཅོལ”ཞེས་པ་འཚལ་ཏེ“ཞབས་ཞུ་བརྒྱུད་གློག་རྡུལ་དཔང་འཛིན”ནས་མི་སྒེར་གྱི་ཆ་འཕྲིན་བདེན་དཔང་རྒྱོང་དགོས།

    2.ཐོབ་ཐང་ལག་ཁྱེར་སྤྱད་ནས་སྨན་བཅོས་འགན་བཅོལ་གྱི་སྨན་རིན་མཇུག་རྩིས་ཞབས་ཞུ་ཐེངས་དང་པོ་གཉེར་མཁན་གྱི་ནད་པས་སྒོ་བསྟེན་སྨན་ཁང་གི་ཐོག་སོ་གཉིས་པ་དང་གསུམ་པའི་སྐར་ཁུང་དུ་སྨན་རིན་མཇུག་རྩིས་ཀྱི་གསང་རྟགས་བཟོ་བར་སྐྱོད་དགོས་པ་དང་། དེ་ནས་རང་འདེམས་འཕྲུལ་ཆས་ནས་སྨན་བཅོས་འགན་བཅོལ་གྱི་སྨན་རིན་མཇུག་རྩིས་ཀྱི་འབྲེལ་ཡོད་ལས་སྒོ་གཉེར་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།