དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ཉིང་མེ་འཁོར་གཏོང་བའི་དུས་ཚོད་ལ་འགྱུར་ལྡོག་བྱུང་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-10-08

    ལྷ་ས་ནས་ཉིང་ཁྲི་བར་གྱི་འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྐྱོད་དུས་ཚོད་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།

    རྒྱ་ཆེའི་གྲོང་མི་དང་འགྲུལ་པ་ཚོ།

    རྒྱལ་ཁབ་ལྕགས་ལམ་ཚོགས་པའི་མེ་འཁོར་འཁོར་སྐྱོད་ཀྱི་དུས་ཚོད་དོན་འཁྱོལ་དང་། མེ་འཁོར་འཁོར་སྐྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ཚོར་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་བཅས་བྱ་ཆེད། 2021ལོའི་ཟླ་10ཚེས་11ཉིན་ནས་བཟུང་། ལྷ་ཉིང་དུམ་བུའི་འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྐྱོད་དུས་ཚོད་ལེགས་སྒྲིག་བྱ་རྒྱུ་གཤམ་གསལ་ཏེ།

    1.ཉིང་ཁྲིའི་བབས་ཚུགས་ནས་མེ་འཁོར་གཏོང་བའི་དུས་ཚོད་ནི། མེ་འཁོར་གཏོང་ཐེངས་དང་པོ་Z8902ནི་ཆུ་ཚོད་08:45(ཟླ་10ཚེས་12ཉིན་ནས་ལག་བསྟར་བྱ་རྒྱུ)ལ་གཏོང་རྒྱུ་དང་། མེ་འཁོར་གཏོང་ཐེངས་གཉིས་པ་C882ནི་ཆུ་ཚོད་12:15ལ་གཏོང་རྒྱུ།  མེ་འཁོར་གཏོང་ཐེངས་གསུམ་པC884ནི་ཆུ་ཚོད་17:30ལ་གཏོང་རྒྱུ་བཅས་རེད།

    2.ཉིང་ཁྲིའི་བབས་ཚུགས་སུ་མེ་འཁོར་འབྱོར་བའི་དུས་ཚོད་ནི། མེ་འཁོར་གཏོང་ཐེངས་དང་པོ་C881ནི་ཆུ་ཚོད་11:50ལ་འབྱོར་རྒྱུ་ཡིན་པ་དང་། མེ་འཁོར་གཏོང་ཐེངས་གཉིས་པ་C893ནི་ཆུ་ཚོད་17:09ལ་འབྱོར་རྒྱུ། མེ་འཁོར་གཏོང་ཐེངས་གསུམ་པZ8901ནི་ཆུ་ཚོད་21:51ལ་འབྱོར་རྒྱུ་བཅས་ཡིན་པས། རྒྱ་ཆེའི་གྲོང་མི་དང་འགྲུལ་པ་རྣམས་ཀྱིས་མེ་འཁོར་ལ་སྡོད་པའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་ཡོད་པར་ཞུ།

    ཆེད་དུ་བརྡ་ཐོ་འདི་བཏང་བ་ཡིན་པས་ཕན་ཚུན་བརྡ་ལན་སྤྲོད་རོགས་ཞུ།

    བྲག་ཡིབ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།

    ཉིང་ཁྲི་མེ་འཁོར་བབས་ཚུགས་མདུན་མའི་ཐང་ཆེན་དོ་དམ་ཁྲུའུ་ནས།

    2021ལོའི་ཟླ་10ཚེས་4ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།