དབུ་ཤོག>ཞིང་འབྲོག་གསར་པ།
  • རྒན་གསོའི་ཁ་གསབ་བྱ་ཡུལ་དང་ཚད་གཞི་གསལ་པོ་བཟོས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-09-11

    ཉེ་ཆར། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་མཉམ་དུ《རྒན་གསོའི་ཞབས་ཞུའི་ཁ་གསབ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། བརྡ་ཐོའི་ནང་རྒན་གསོའི་ཞབས་ཞུ་གཉེར་སྐྱོང་གི་ཁ་གསབ་དང་ཞབས་འདེགས་ཞུ་ཡུལ་གྱི་རྒན་གསོའི་ཁ་གསབ་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ཡོད།

    རྒན་གསོའི་ཞབས་ཞུ་གཉེར་སྐྱོང་གི་ཁ་གསབ་ཁ་གསལ་བཟོས་པ།

    ཁ་གསབ་བྱ་ཡུལ་ནི། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་སོགས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་གཉེར་སྐྱོང་བྱེད་པའི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་གཞུང་བཙུགས་དམངས་གཉེར་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི(སྡེ་ཁུལ་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་ཚུད་པ)ཡིན་པ་རེད། 

    ཁ་གསབ་ཀྱི་ཚད་གཞི་ནི། སྐར་མ་ལྔ་རིམ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིར་ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་བྱས་པར་སྒྲིག་གཞི་རེར་ལོ་རེར་ཁ་གསབ་སྒོར་ཁྲི་15སྤྲོད་རྒྱུ་དང་། སྐར་མ་བཞི་རིམ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིར་ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་བྱས་པར་ལོ་རེར་སྒྲིག་གཞི་རེར་ཁ་གསབ་སྒོར་ཁྲི་10སྤྲོད་རྒྱུ། སྐར་མ་གསུམ་རིམ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིར་ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་བྱས་པར་ལོ་རེར་སྒྲིག་གཞི་རེར་ཁ་གསབ་སྒོར་ཁྲི་5སྤྲོད་རྒྱུ་ཡིན་པ་རེད།

    ཞབས་འདེགས་ཞུ་ཡུལ་གྱི་རྒན་གསོའི་ཁ་གསབ་ཁ་གསལ་བཟོས་པ།

    ཁ་གསབ་བྱ་ཡུལ་ནི། ཐེངས་ཁུངས་བོད་ནས་ཡིན་པའི་ལོ་60ནམ་དེ་ཡན་གྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན་གྱི་རྒན་རྒོན། མ་མཐའི་འཚོ་བ་འགན་ལེན་གྱི་རྒན་རྒོན། འཆར་ལྡན་བུ་བཙའི་སྲིད་ཇུས་ཀྱི་ཕྲུག་གཅིག་མ་འདས་པའི་རྒན་རྒོན། གཙོ་གནད་གཟིགས་སྐྱོང་བྱ་ཡུལ་གྱི་རྒན་རྒོན། གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་བཅས་དང་། དེ་བཞིན་ལོ་70ཡན་གྱི་ཚང་སྟོང་རྒན་རྒོན་སོགས་རྒན་རྒོན་གྱི་ཚོགས་སྤྱི་ཡིན་པ་རེད།

    ཁ་གསབ་ཀྱི་ཚད་གཞི་ནི། རྒན་རྒོན་གྱི་ནུས་པར་ཚོད་སྐོར་བྱས་པ་བརྒྱུད་རང་མགོ་རང་ཐོན་དང་། ནུས་པ་ཕྱེད་ཀ་ཤོར་བ། ནུས་པ་ཡོངས་སུ་ཤོར་བ་བཅས་ཀྱི་རིམ་པ་གཏན་འཁེལ་བྱས་ཏེ་མི་རེར་ཟླ་རེར་སྒོར་200དང་། སྒོར་300 སྒོར་500བཅས་ཀྱི་ཚད་གཞི་ལྟར་ཁ་གསབ་སྤྲོད་རྒྱུ་རེད། གྲོང་ཁྱེར(ས་ཁུལ)ཁག་གིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་གཞིགས་ནས་རྨང་གཞི་དེའི་ཐོག་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་འོས་འཚམ་གཏོང་དགོས། ཞབས་འདེགས་ཞུ་ཡུལ་གྱི་རྒན་གསོའི་ཁ་གསབ་དེ་གཙོ་བོ་ཕུང་གསུམ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་ཁ་གསབ་བྱ་ཡུལ་ལ་བཟའ་བཏུང་དང་། སྨན་བཅོས། གཙང་སྦྲ་སོགས་གཞི་རྩའི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་ཐད་སྤྱོད་པ་ལས་རྒན་རྒོན་ཚོར་ཐད་ཀར་སྤྲོད་ཀྱི་མེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།