“ང་ཚོས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྤེལ་དོན་ནི་མི་དམངས་ཉེན་རྟོག་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པའི་ཆེད་དུ་ཡིན”ཞེས་བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་སློབ་སྟོན་པ་ཅིང་ཧོན་གྱིས་བཤད། ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་ལས་སྒྲུབ་རུ་ཁག་གིས་བོད་སྡོད་དཔུང་སྡེ་ཞིག་དང་མཉམ་དུ“རྒྱལ་ཁབ་ལ་དགའ་ཞེན་དང་མཐའ་མཚམས་ལ་སྐོར་གཡེང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་ནི་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་ཏང་འཛུགས་སྐྱོང་ལས་དོན་སྟབས་བསྟུན་ངང་སྤེལ་བའི་ཕྱོགས་ཤིག་རེད།
ཉེན་རྟོག་པ་ཡོངས་མཉམ་འགུལ་བྱས་ནས།
“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བཏང་བ།
“གཞི་རིམ་ཀྲི་པུར་དམ་འཛིན་ཏན་ཏིག་བྱེད་དགོས་པ”དང“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཀྲི་པུའུ་ཚང་མར་དོན་འཁྱོལ་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་ཆབ་སྲིད་ཀྱི་བྱེད་ནུས་སྟོབས་ཆེན་དང་། ཀྲི་པུའི་ཚན་ཁག་སྟོབས་ཆེན། ཏང་ཡོན་དཔུང་ཁག་སྟོབས་ཆེན། ནུས་པ་འདོན་སྤེལ་སྟོབས་ཆེན་བཅས་ཀྱི“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་གཏོད་བྱེད་སྒོའི་ལས་དོན་གྱི་དམིགས་ཚད་ལ་དམིགས་ཏེ། ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། རྩ་འཛུགས་བཀོད་སྒྲིག་ཚད་ལྡན་དང་། ཚན་ཁག་འཛུགས་སྐྱོང་ཚད་ལྡན། རྩ་འཛུགས་འཚོ་བ་ཚད་ལྡན། བྱེད་ནུས་ཚད་ལྡན། ཏང་ཡོན་དཔུང་ཁག་ཚད་ལྡན། ལམ་ལུགས་འགན་ལེན་ཚད་ལྡན། བྱེད་སྒོ་སྤེལ་ཡུལ་ཚད་ལྡན་བཅས“ཚད་ལྡན་དྲུག”དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ། ཏང་ཀྲི་པུའུ་འཛུགས་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་བ་མ་ཟད། ཏང་ཀྲི་པུའི་གསར་གཏོད་བྱེད་ནུས་དང་། གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་ཀྱང་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད།
ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུས་ཏང་འཛུགས་སྐྱོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིཌ་ཡུལ་བློ་ལ་བརྟན་པོར་བཅངས་ནས། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། ཏང་ཡོན་ལ་དམངས་གཙོའི་དཔྱད་གླེང་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ། ཟླ་རེར་ཏང་གི་ཉིན་མོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་བཏང་བ་བཅས་ལས། ཏང་ཀྲི་པུའི་རྩ་འཛུགས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཆབ་སྲིད་ཀྱི་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། འགན་འཁྲི་སྒྲུབ་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས།
ཐོག་མའི་བསམ་འདུན་བསྲུངས་པ་དང་ཉེན་རྟོག་པའི་བླ་སྲོག་བཏོད་པ།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས“ཧྲུའུ་ཅིས་ཏང་གི་ལོ་རྒྱུས་ཁྲིད་པ་དང་། གསར་བརྗེའི་དཔེ་དེབ་གྱེར་འདོན་བྱེད་པ། གསར་བརྗེའི་གློག་བརྙན་ལྟ་བ། ཏང་གི་ལོ་རྒྱུས་སློབ་གྲྭར་དྲིལ་བསྒྲགས་བྱེད་པ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།
བྱེད་སྒོ་སྤེལ་རིང་། མངགས་གཏོང་ཁང་དེའི་མི་དམངས་ཉེན་རྟོག་པས་སྐོར་གཡེང་ཚོགས་ཆུང་དང་ཏང་ཚོགས་ཆུང་སོགས་ཚན་པར་བྱས་པའི་ཁར། སྦྱོང་བརྡར་གྱི་བར་གསེང་སོགས་དུས་ཚོད་ཡོད་དོ་ཅོག་སྤྱད་ནས“མི་རེས་གཏམ་རྒྱུད་ཐུང་ངུ་རེ་བརྗོད་པའི”ཏང་གི་ལོ་རྒྱུས་མཉམ་སྤྱོད་བྱེད་སྒོ་སྤེལ་བས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། མི་དམངས་ཉེན་རྟོག་པའི་སློབ་སྦྱོང་གི་སྤྲོ་སེམས་འཕེལ་བར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དུས་རྟག་ཏུ་སྤེལ་བ་བཅས་ཀྱི་སློབ་གསོའི་དམིགས་ཡུལ་གྲུབ་ཡོད། དེ་དང་ཆབས་ཅིག་མངགས་གཏོང་ཁང་དེས་སྔར་ཡོད་ཀྱི“ཇོ་མོ་ལྷ་རི”གློག་བརྙན་ཁང་གཞི་བརྟེན་དུ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་གློག་བརྙན་ཁང་དུ་གནས་ཚུལ་དངོས་མཚོན་གློག་བརྙན་ལྟ་བར་གདན་དྲངས་པ་བརྒྱུད། མང་ཚོགས་ཚོས་བོད་གསར་རྙིང་བསྡུར་བ་བྱེད་པའི་ཐོག་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཐད་ཀར་ཚོར་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མ་གཏོགས་ང་ཚོ་བདེ་སྐྱིད་ཀྱི་ཕྱོགས་སུ་སྣེ་ཁྲིད་མི་ཐུབ་པ་གཏིང་ཟབ་ཚོར་བ། རྒྱ་ཆེའི་མང་ཚོགས་ཀྱི་རྒྱལ་གཅེས་དང་ཏང་གཅེས་ཀྱི་ཆོད་སེམས་དང་མིག་སྔར་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་སེམས་སྔར་བས་ཆེ་རུ་སོང་ཡོད།
ཆ་སྒྲིག་མཉམ་སྐྲུན་བྱས་ནས།
ཁོངས་གཏོཌ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
འདི་ལོ་ཚུན་དུ་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུས་ཞབས་ཞུ་རྣམ་པའི་ཏང་ཀྲི་པུའུ་འཛུགས་རྒྱུ་སྣེ་འདྲེན་དང་གཞི་རིམ་གྱི་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱ་རྒྱུ་དོན་ལ་བབས་སར་བྱས་ཏེ། རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་མཉམ་འགུལ་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། བཅའ་སྡོད་བྱ་ཡུལ་ཏང་ཨུད་དང་། གྲོང་ཚོ་ཨུ་ལྷན་ཏང་ཀྲི་པུའུ། བཅའ་སྡོད་དཔུང་སྡེ། སློབ་གྲྭ། འཕྲོད་བསྟེན་ཁང་སོགས་རྩ་འཛུགས་དང་འབྲེལ་གཏུག་བྱས་ཏེ། མཉམ་གཏོད་མཉམ་སྐྲུན་གྱི་མ་ལག་བསྐྲུན་ནས“བསམ་ཇུས་གཅིག”ལག་ལེན་བསྟར་བ། ས་ཁོངས་ནང་གི་ཏང་འཛུགས་སྐྱོང་གི་ཐོན་ཁུངས་སྤྱི་འདོམས་བྱས་ཏེ་ཕག་རི་གྲོང་རྡལ་ཏང་ཨུད་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཁག་གི་ཏང་ཀྲི་པུའུ་དང“མཉམ་སྐྲུན་མཉམ་དར་དང་། མཉམ་ཤུགས་འདོན་སྤེལ། མཐའ་སྲུང་རྒྱལ་སྲུང་། ཏང་ཡོན་སྔོན་སྐྱོད”བཅས་བརྗོད་དོན་གཙོ་བོར་བྱས་པའི་ཏང་འཛུགས་སྐྱོང་གི་མཉམ་སྐྲུན་བྱེད་སྒོའི་གྲོས་མཐུན་ཡི་གེ་སྔ་རྗེས་སུ་བཞག་ནས“ཁྱིམ་ཚང་གཅིག་ལྟར་བརྩེ་བར”བྱས་པ། མཉམ་འདྲེས་མཉམ་སྐྲུན་གྱི་ལས་སྟེགས་བཙུགས་ཁར། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དམིགས་ཏེ། བཞུགས་མོལ་སྤེལ་རེས་ཐེངས་གཉིས་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཐེངས་གཉིས་སྤེལ་ནས་བཅའ་སྡོད་བྱ་ཡུལ་གྱི་ཏང་འཛུགས་སྐྱོང་ལས་དོན་སྤེལ་རྒྱུར་སྐུལ་འདེད་ཆེན་པོ་བཏང་བ་དང་ཏང་འཛུགས་སྐྱོང་ལས་དོན་སྤེལ་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།