དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ལྷ་རི་རྫོང་དུ་ཉང་གཡག་ཐོན་ལས་ཅན་གྱི་གསོ་ཚགས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་ཡངས་སུ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-08-10

    ཉང་གཡག་ནི་བོད་ཀྱི་སྤུས་ལེགས་འབྲི་གཡག་གི་གྲས་ཤིག་རེད། གཟུགས་སྟོབས་ཆེ་ལ་ཤེད་མོ་ཡག་པ་དང་། འོ་མ་མང་བ། ཤ་སྤུས་དག་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་ཉང་གཡག་གི་རྒྱུད་པ་བཟང་བའི་ལེགས་ཆར་བརྟེན་ནས། འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། བོད་ཀྱི་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས། “ཀུང་སི་དང་། རྟེན་གཞི། མཉམ་ལས་རྩ་འཛུགས། འབྲོག་དུད”བཅས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་པ་དང་། ལྷ་རི་རྫོང་གི་ཤང་དང་གྲོང་རྡལ་གྱི་མཉམ་ལས་རྩ་འཛུགས་49དང་གསོ་ཚགས་དུད་ཚང་160དང་ཡུན་རིང་གན་རྒྱ་བཞག་པ། འོ་མ་དང་ཤ་ཉོ་སྒྲུབ་དང་ཕྱུགས་རིགས་ཐོན་རྫས་ལས་སྣོན་བྲིན་ཚོང་བརྒྱུད། ཉང་གཡག་གི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་སྟེ་ཡུལ་དེའི་མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱས་ཡོད།

    890018_yis_1628524800000_s.jpg

    འདི་ནི་ཉེ་དུས་པར་བླངས་པའི་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་ཡིན་པ།

    890020_yis_1628524800000_s.jpg

    འདི་ནི་ལས་དོན་མི་སྣས་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ཞོའི་ཐོན་སྐྱེད་འཁོར་ཁང་ནང་ལས་ཀ་བྱེད་བཞིན་པ།

    890016_yis_1628524800000_s.jpg

     འདི་ནི་ཉེ་དུས་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་འབྲི་གཡག་འདེམས་གསོའི་རྟེན་གཞི་ནས་པར་བླངས་པའི་འབྲི་གཡག་ཡིན་པ།

    890022_yis_1628524800000_s.jpg

     འདི་ནི་ཉེ་དུས་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་ནས་པར་བླངས་པའི་ཡ་རུའི་ལྷས་ར་ཡིན་པ།

    890029_yis_1628524800000_s.jpg

     འདི་ནི་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་མིས་ཞོ་སྙོལ་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།