དབུ་ཤོག>ཞིང་འབྲོག་གསར་པ།
  • སྤྱི་གཏོང་གྲོང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-08-09

    887836_yis_1628438400000_s.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་སྤྱི་གཏོང་གྲོང་ཚོའི་ཁམ་བུ་སྨི་ཧོའུ་ཐའོ་ར་བའི་ནང་ལས་དོན་པས་ཁམ་བུའི་སྡོང་པོར་ཡལ་བཞུར་རྒྱག་བཞིན་ཡོད། སྤྱི་གཏོང་གྲོང་ཚོས“ཀུང་སི་+ཞིང་དུད”ཀྱི་རྣམ་པ་བརྒྱུད་ཁམ་བུ་སྨི་ཧོའུ་ཐའོ་འདེབས་འཛུགས་བྱས་ཏེ་གྲོང་མིར་འབབ་འཕར་ཡོང་རོགས་བྱས་ཡོད། 

    887838_yis_1628438400000_s.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་སྤྱི་གཏོང་གྲོང་ཚོའི་ཁམ་བུ་སྨི་ཧོའུ་ཐའོ་ར་བའི་དོ་དམ་པ་ཀའོ་ཧྥེང(གཡས)གིས་ས་གནས་དེ་གའི་གྲོང་མིར་ཁམ་བུ་སྨི་ཧོའུ་ཐའོ་ཤོག་ཐུམ་རྒྱག་སྟངས་སློབ་བཞིན་པ། 

    887834_yis_1628438400000_s.jpg

    འདི་ནི་སྤྱི་གཏོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལེའོ་ཙེ་ལུའུ(གཡོན)དང་གྲོང་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བ་ཞུས་ཅུན་ཅེས་མཉམ་པར་རྒྱག་བཞིན་པ། 

    887832_yis_1628438400000_s.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་སྤྱི་གཏོང་གྲོང་ཚོའི་གསར་དུ་བསྐྲུན་པའི་ལམ་ཡིན་པ། 

    གཙང་ཞིང་ཁོད་སྙོམས་པའི་ཨར་འདམ་ལམ་བུས་གྲོང་ཚོའི་མགོ་མཇུག་སྦྲེལ་ཞིང་། གྲལ་སྟར་འགྲིག་པའི་ཁང་པ་གསར་པ་དག་ལམ་གྱི་གཞོགས་སུ་ཁ་ཐོར་དུ་གནས་པ་དང་། རྫ་ཡུལ་ཆུ་བོ་ཤང་ཤང་དུ་རྒྱུག་པ། རྒྱང་རིང་གི་རི་ལྡེབས་སྨུག་པས་སྒྲིབ་པ་སོགས་མིག་མདུན་དུ་འཆར་འོང་བ་ནི་སྔོ་ལྗང་གི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་སྣང་།

    མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་དེ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་སྤྱི་གཏོང་གྲོང་ཚོ་ཡིན་ཞིང་། ཧིན་རྡུ་རྒྱ་མཚོ་ཆེ་མོའི་དྲོ་ཞིང་བརླན་པའི་རླུང་རྒྱུན་ལས་དེ་གའི་གནམ་གཤིས་དྲོ་གྲང་སྙོམས་ཤིང་ཚ་ཁུལ་གྱི་གདོད་མའི་ནགས་ཚལ་ཧ་ཅང་སྟུག་པོ་སྐྱེས་ཡོད། ཁྱད་འཕགས་ཀྱི་ས་གཤིས་མཛེས་ལྗོངས་དང་དེར་འཚོ་སྡོད་བྱེད་པའི་མི་འབོར་ཅུང་ཉུང་བའི་སྟེང་པ་བ་ལས་གྲོང་ཚོ་དེ་ནས“བོད་ཀྱི་ཉམས་འགྱུར”གཞན་ཞིག་མངོན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།