དབུ་ཤོག>ཞིང་འབྲོག་གསར་པ།
  • དམངས་ཕན་ཞིང་ཕན་གྱི་ཁ་གསབ་དངུལ་གཱ་འདིའི་ནང་བླུག་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-07-28

    2021ལོའི་ཟླ་6པར། ལྗོངས་ནོར་སྲིད་ཐིང་དང་། མི་སྤྱི་ཐིང་། ཞིང་ལས་གྲོང་གསེབ་ཐིང་སོགས་ཚན་པ་བདུན་གྱིས《〈དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ“གཱ་གཅིག་འཐུས”ཀྱིས་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར〉གྱི་ལག་བསྟར་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།

    བརྡ་ཐོའི་ནང་བསྟན་དོན། “ཐད་ཀར་མི་སྒེར་དང་དུད་ཚང་ལ་སྤྲོད་པའི་རང་ལྗོངས་ཀྱི་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་རྩ་དོན་ཐོག་སྤྱི་ཚོགས་འགན་བཅོལ་གཱ་ཡི་‘གཱ་གཅིག་ཀུན་འཐུས’ཀྱི་ཐབས་ལམ་བརྒྱུད་སྤྲོད་ཐུབ་ཡོད་ལ། རང་ལྗོངས་སུ“སྤྱི་ཚོགས་འགན་བཅོལ་གཱ་ཡི་གཞི་རྟེན་དུ་བྱེད་པའི་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི‘གཱ་གཅིག་ཀུན་འཐུས’ཀྱི་དོ་དམ་བྱེད་ཐབས་ཁྱབ་གདལ་གཏོང་དགོས་ལུགས”ཁ་གསལ་བཏོན་ཡོད། “2023ལོའི་ལོ་མཇུག་ཏུ་སླེབས་སྐབས། ཐད་ཀར་མི་སྒེར་དང་དུད་ཚང་ལ་སྤྲོད་པའི་རང་ལྗོངས་ཀྱི་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་རྩ་དོན་ཐོག་སྤྱི་ཚོགས་འགན་བཅོལ་གཱ་ཡི‘གཱ་གཅིག་ཀུན་འཐུས’ཀྱི་ཐབས་ལམ་བརྒྱུད་གཤམ་སྤྲོད་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། དེ་དང་ཆབས་ཅིག་ཇུས་གཞིའི་ནང་ད་དུང་ཚབ་སྤྲོད་དངུལ་རྩའི་སྒྲིག་གཞིས་ཕྱོགས་ཡོངས་ནས་དངུལ་ཁང་སྒྲོལ་ནས་གཤམ་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ལ་དུས་ཐོག་དང་། གནད་ལ་འཁེལ་བ། གྲངས་ཚང་བཅས་ཀྱི་སྒོ་ནས་ཐོབ་ཆའི་མ་དངུལ་གཤམ་སྤྲོད་བྱེད་དགོས་པའི”ནན་བཤད་བྱས་ཡོད།

    ད་ཐེངས་ཀྱི་ལས་དོན་དེ་ཡག་པོ་བསྒྲུབས་ནས་དམངས་ཕན་ཞིང་ཕན་གྱི་སྲིད་ཇུས་ཀྱི་ཕན་འབྲས་དངོས་ཐོན་པར་བྱ་ཆེད། ལྗོངས་ཡོངས་ཀྱི་དམངས་ཕན་ཞིང་ཕན་གྱི་ཁ་གསབ་ལེན་མཁན་གྱི་མི་རིགས་ཁག་གི་མང་ཚོགས་ཚོས། སྤྱི་ཚོགས་འགན་བཅོལ་གཱ་དང་གློག་རྡུལ་སྤྱི་ཚོགས་འགན་བཅོལ་གཱ་གང་མགྱོགས་རེ་ཞུ་བྱས་ནས་བཟོ་དགོས། མི་སྤྱི་ཐིང་གིས་ཀྱང་མཉམ་ལས་དངུལ་ཁང་ཁག་དང་མུ་མཐུད་མཉམ་འབྲེལ་བྱས་ནས“ཏང་གི་ལོ་རྒྱུས་སྦྱོང་བ་དང་བྱ་བ་དངོས་སྒྲུབ་པའི”བླང་བྱ་གཞིར་བཟུང་། རྒྱ་ཆེའི་གཱ་བདག་མཁན་ཚོར་དེ་བས་སྟབས་བདེ་བའི་སྒོ་ནས་སྤྱི་ཚོགས་འགན་བཅོལ་གཱ་སྤྱོད་རྒྱུ་ཡོད་པ་བཟོ་བའི་ཞབས་ཞུ་དང་། དེ་བས་གཟིགས་སྐྱོང་ཆེ་བའི་དངུལ་རྩའི་ཞབས་ཞུ་བསྒྲུབ་རྒྱུ་རེད། མི་སྤྱི་ཐིང་གིས“བོད་ཀྱི་སྤྱི་ཚོགས་འགན་བཅོལ་གཱ”ཡི་སྐད་འཕྲིན་སྤྱི་རྟགས་བརྒྱུད། ཚང་མར་རང་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་ཡི་ལས་སྒོ་གཉེར་བའི་བརྒྱུད་རིམ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱེད་རྒྱུ་དང་སྦྲགས་ལས་སྒོ་གཉེར་བའི་དྲ་ཐོག་ཞབས་འདེགས་ཀྱང་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།