དབུ་ཤོག>ཞིང་འབྲོག་གསར་པ།
  • གཞོན་ནུ་དགའ་དགའི་ལས་གཏོད་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-23

    “དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”དུས་རབས་ཀྱི་རྒྱབ་ལྗོངས་འོག་མི་མང་པོ་ཞིག་གིས་ལས་གཏོད་ཀྱི་གདམ་ག་བྱེད་ཀྱི་ཡོད། ཕུགས་འདུན་ཡོད་ལ་སྤྲོ་སེམས་ཀྱིས་ཁེངས་པའི་ལས་གཏོད་པ་དེ་དག་གིས་བྱེད་ཐབས་མི་འདྲ་བར་བརྟེན་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་ཀྱི་ཡོད་ཅིང་། འདི་ལོ་ལོ་27ལ་སླེབས་པའི་དགའ་དགའ་ནི་དེའི་ཁྲོད་ཀྱི་གཅིག་རེད།

    དགའ་དགའ་ནི་བོད་ལྗོངས་ཐབས་ཤེས་དོ་དམ་བློ་འདྲི་ཚད་ཡོད་འགན་འཁྲི་ཀུང་སི་འཛུགས་མཁན་གྱི་གྲས་ཤིག་ཡིན་ཞིང་། 2016ལོའི་ཟླ་6པར་བོད་ལྗོངས་སློབ་ཆེན་བོད་རྒྱ་ཡིག་སྒྱུར་ཆེད་ལས་ནས་ཐོན་རྗེས་ཟླ་9པར་ཐབས་ཤེས་ཀུང་སིར་ལས་ཀར་ཞུགས།

    དགའ་དགའ་ཡིས“སློབ་ཆེན་ཐོན་ཉེའི་སྐབས་ལ་ང་ཡང་ཐེ་ཚོམ་གྱི་གནས་སུ་གྱར་མྱོང་། སྐབས་དེར་དགེ་རྒན་བྱེད་འདོད་ཆེན་པོ་ཡོད་པས་གྲོགས་པོ་ཚོས་ངོ་སྤྲོད་བྱས་པ་བརྒྱུད་སྒེར་གྱི་སློབ་གྲྭ་ཞིག་ཏུ་དགེ་རྒན་བྱས་པ་ཡིན”ཞེས་བཤད། སློབ་གྲྭ་ཐོན་ཉེའི་སྐབས་སུ་དགའ་དགའ་སློབ་གྲྭར་ལོག་ནས་གཞུང་ཞབས་པའི་ཡིག་རྒྱུགས་ཀྱི་གྲ་སྒྲིག་བྱས་ཀྱང་མཐར་ཡིག་རྒྱུགས་འཕྲོད་མེད། འོན་ཀྱང་ཁོ་མོས་མུ་མཐུད་ལས་གཏོད་སྣ་ཚོགས་ཀྱི་མཉམ་སྤྱོད་འདུ་ཚོགས་ནང་ཞུགས་ཏེ་ཉམས་མྱོང་གསོག་འཇོག་བྱས། ཁོ་མོས“ལས་གཏོད་ཀྱི་མཉམ་སྤྱོད་འདུ་ཚོགས་ནས་ཨ་ཅག་སྒྲོལ་མ་དང་ངོ་ཤེས། སྐད་ཆ་ཤོད་རེས་བྱས་པ་བརྒྱུད་ཕན་ཚུན་དབར་དེ་བས་རྒྱུས་མངའ་ལོན་པ་དང་། ཁོང་ནི་རང་ཉིད་ཀྱིས་ཡི་རངས་བྱེད་སའི་མིག་དཔེ་ཞིག་ཡིན་པས་ཡིད་ཆེས་དེ་བས་ཟབ་ཏུ་ཕྱིན་སོང་། དེ་རྗེས་ཁོང་གིས་ང་ཐབས་ཤེས་ཀུང་སིར་བཅུག་པས་ང་རང་ཀུང་སིའི་ཁོངས་མིར་གྱུར་ཐུབ་པ་བྱུང”ཞེས་བཤད།

    དམིགས་ཚད་ཁ་གསལ་བྱུང་རྗེས་ནང་མི་ཚོའི་རྒྱབ་སྐྱོར་འོག་དགའ་དགའ་ཡིས་ཀུང་སིའི་ཆེད་སེམས་ནུས་ཡོད་རྒུ་བཏོན། དགའ་དགའ་ལས་ཀ་བྱེད་སའི་ཐབས་ཤེས་ཀུང་སི་ནི་2016ལོའི་ཟླ་3པར་བཙུགས་པ་དང་མིག་སྔར་ཡན་ལག་ཀུང་སི་གཉིས་ཡོད་པའི་ནང་གཅིག་ནི་བོད་ལྗོངས་ཐབས་ཤེས་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་ཚད་ཡོད་ཀུང་སི་ཡིན་ཞིང་། དེས་ཆེད་མངགས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་དང་ཁེ་ལས་ཀྱི་ནུས་སྤྲོད་གསོ་སྦྱོང་སོགས་བྱེད་པ་དང་། གཅིག་ཤོས་ནི་བོད་ལྗོངས་འགྲོ་ཕན་གླིང་རིག་གནས་མ་རྐང་ཚད་ཡོད་ཀུང་སི་ཡིན་ཞིང་། དེས་ཆེད་མངགས་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་བཟོ་ཚོང་བྱེད་ཀྱི་ཡོད། དགའ་དགའ་ཡིས“ཀུང་སི་ཐོག་མར་འཛུགས་སྐབས་ང་གཉིས་ཁོ་ན་ལས་མེད། ངས་ནོར་དོན་དང་། མི་དོན། སྲིད་འཛིན་བཅས་ཀྱི་འགན་ཁུར་གྱི་ཡོད་པས་མ་གཞི་དཀའ་ལས་ཆེ་ཙམ་ཡོད་མོད། འོན་ཀྱང་དེའི་ཁྲོད་ནས་ཤེས་བྱ་མང་པོ་ཞིག་ཤེས་བྱུང་ལ་ཀུང་སི་ཡང་རིམ་བཞིན་རྒྱུན་གཏན་གྱི་བགྲོད་ལམ་ཐོག་བསྐྱོད་ཐུབ་པ་བྱུང་སོང”ཞེས་བཤད།

    དགའ་དགའ་ཡིས“ང་ཚོའི་ཀུང་སི‘གངས་ལྗོངས་ས་མཐོའི་དྲོ་སྐྱིད་ལྡན་ལ་སྤུས་ཚད་ལྡན་པའི་ཁེ་ལས་ཤིག་ཏུ་གྱུར་བ’བྱ་རྒྱུ་དེ་རྒྱང་རིང་དམིགས་ཚད་དུ་བྱས་ཏེ་བློ་འདྲི་དང་། བརྟག་ཞིབ། གསོ་སྦྱོང་། འཆར་འགོད་སོགས་ཀྱི་བྱེད་ཐབས་བརྒྱུད་མི་སྒེར་དང་རྩ་འཛུགས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་འདེགས་སྐྱོར་བྱེད་ཀྱི་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་ཀུང་སི་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་འདུག”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།