དབུ་ཤོག>ཞིང་འབྲོག་གསར་པ།
  • ས་མཐོའི་གྲོང་ཚོ་དབུལ་པོ་གསུམ་གྱི་འཕོ་འགྱུར་ཆེན་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-23

    ལོ་ངོ་70ཡི་གོང་དུ་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་རང་ཁྱིམ་རང་བདག་བྱུང་བའི་རྒྱ་ཆེའི་ཞིང་བྲན་གྱིས་འཚོ་བ་གསར་པར་མ་མཐའི“ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོ་བའི”རེ་བ་བྱེད་ཀྱི་ཡོད།

    2019ལོའི་ལོ་མཇུག་ཏུ་བོད་ཀྱི་རྫོང་དང་ཆུས་དབུལ་པོ་ཡོངས་ཀྱི་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་པོ་ལས་བསྒྲལ་ཡོད།

    གྲོང་ཁུལ་དང་ཐག་ཉེ་བའི་སྒང་གྲོང་ཚོ་དང་། འབྱོར་འབྲིང་དཔེ་སྟོན་ལམ་དུ་སྐྱོད་བཞིན་པའི་དགྱེ་གླིང་གྲོང་ཚོ། མཐའ་མཚམས་ཀྱི་རི་མཐོར་གནས་པའི་ཤག་གྲོང་ཚོ་བཅས་ཀྱིས་དབུལ་སྒྲོལ་གྱི་ལམ་བུའི་ཐོག་རང་སོ་སོར“འགག་གནད”དང“དཀའ་ངལ”མང་པོ་འཕྲད་ཀྱང་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་ནམ་ཡང་མཚམས་འཇོག་བྱེད་མྱོང་མེད།

    སྒང་གྲོང་ཚོ། འགྲིམ་འགྲུལ་མ་ལམ་རྒྱུད་ཀྱི“ཁེར་རྐྱང”གྲོང་ཚོ་ཞིག

    སྒང་གྲོང་ཚོ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་རྒྱ་མཚོ་གཞུང་ཤང་དུ་གནས་པ་དང་གྲོང་ཁུལ་དང་བར་ཐག་སྤྱི་ལེ་28ལས་མེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལྟེ་བ་དང་ཐག་ཉེ་ཞིང་འགྲོ་ལམ་འགྲིམ་འགྲུལ་སྟབས་བདེ་བའི་གྲོང་ཚོ་ཆུང་ཆུང་དེར་རང་ཉིད་ཀྱི་དཀའ་ངལ་ཡོད་པ་སྟེ། གཞོན་ནུ་དང་དར་མ་དེ་བས་མང་བ་ཞིག་གྲོང་ཁྱེར་དུ་ཕྱིན་ནས་གྲོང་ཚོའི་ནང་མང་ཆེ་བ་བུད་མེད་དང་། ཕྲུ་གུ རྒན་རྒོན། གཟུགས་གཞི་སྐྱོ་བ་བཅས་གཅིག་པུ་ལས་ལྷག་མེད་པ་དེ་ཡིན།

    སྒང་གྲོང་ཚོའི་རྨོ་ཞིང་རྒྱ་ཁྱོན་མུའུ་1350ཟིན་པ་དང་དུད་ཚང་རེར་ཆ་སྙོམས་མུའུ་20ཙམ་ཡོད་པས་དེ་སྔ་ཡང་གཞིས་རྩེ་སྟེ“བོད་ཀྱི་འབྲུ་མཛོད”འདིའི་ནང་གི“འབྲུ་རྡོག”ཅིག་རེད། འོན་ཀྱང“ཕྱིར་ཐོན”དང“ཁེར་རྐྱང”ལས་དེ་སྔའི་ལེགས་ཆ་དག་འཕེལ་རྒྱས་ཀྱི“ཞན་ཆར”གྱུར་ཡོད། ལུས་པོའི་ངལ་རྩོལ་བྱེད་མཁན་མེད་པའི་དབང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྨང་གཞི་སྐྱོ་རུ་ཕྱིན་ཏེ་འཕེལ་རྒྱས་ཀྱི་འབབ་འཕར་ནུས་པ་འདང་གི་མེད་པ་རེད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་སྒང་གྲོང་ཚོར་བཅའ་སྡོད་བྱེད་ཀྱི་ཡོད། 2020ལོའི་ཟླ་2པར་གྲོང་སྡོད་ལས་དོན་རུ་ཁག་བརྗེ་རེས་ཀྱི་དུས་ལ་སླེབས་པ་དང་། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་། ཅུས་ཀྲང་གཞོན་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བཅས་ཡིན་པའི་ཐང་ཆིང་ཆོན་གྱིས་གནད་དོན་ཞིག་རྟོགས་པ་སྟེ། སྒང་གྲོང་ཚོ་དབུལ་སྒྲོལ་ཐུབ་ཆེད། ཉེ་བའི་ལོ་ཤས་རིང་དྲོད་ཁང་ཆེ་མོ་51བསྐྲུན་པ་དེ་ཞིང་ལས་འཕེལ་རྒྱས་འགྲོ་འགོར་བའི་ཁ་གསབ་ཐད་སྤྱོད་ཀྱི་ཡོད་མོད། འོན་ཀྱང་ལག་རྩལ་གྱི་རྒྱབ་སྐྱོར་མི་འདང་བའི་ཁར་ཁྲོམ་རའི་ཆ་འཕྲིན་གསང་པོ་མེད་པས་དྲོད་ཁང་དེ་དག་ལ་སྔོན་དཔག་གི་ཕན་འབྲས་ཐོན་མེད།

    ཐང་ཆིང་ཆོན་གྱིས་སྒང་གྲོང་ཚོའི་བུད་མེད་དང་། ཕྲུ་གུ རྒན་རྒོན། གཟུགས་གཞི་སྐྱོ་བ་བཅས་ལ“དྲོད་ཁང་ལ་བརྟེན་ནས་ཕྱུག་པོར་འགྱུར་བའི”ལས་ཀ་འཚམ་པོ་ཡོད་པ་རྟོགས། གཅིག་ནས་ངལ་ནུས་ཆེན་པོ་འདོན་དགོས་མེད་པ་དང་། གཉིས་ནས་བེད་མེད་དུ་ལུས་པའི་ས་ཞིང་དག་གང་ལེགས་སྤྱོད་པ། གསུམ་ནས་འགྲིམ་འགྲུལ་གྱི་སྟབས་བདེ་སྤྱད་དེ་ཞིང་ལས་ལོ་ཏོག་འཚོང་ཐུབ།

    ཐང་ཆིང་ཆོན་དང་གྲོང་སྡོད་ལས་དོན་རུ་ཁག་གིས་དང་ཐོག་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་ཐབས་བྱས་ཤིང་། ཁོང་ཚོས་བསམ་གྲུབ་རྩེ་ཆུས་ཞིང་ལས་གྲོང་གསེབ་ཅུས་དང་མཐུན་སྦྱོར་བྱས་ཏེ་དུས་བཀག་ནང་གྲོང་མིར་དྲོད་ཁང་གི་འདེབས་འཛུགས་ལག་རྩལ་འགྲེལ་བཤད་བྱེད་པར་ཡོང་བ་དང་ད་དུང་འདེབས་གསོ་དང་ཆུ་གཏོང་སྟངས་སོགས་དམར་ཁྲིད་བྱས། དེ་ནས་གྲོང་ཁུལ་གྱི་ཚན་པ་ཁག་དང་འབྲེལ་གཏུགས་བྱས་ནས“ཚན་པའི་ཟ་ཁང+འདེབས་འཛུགས་རྟེན་གཞིའི”མངག་ཐོའི་རྣམ་པ་སྤྱད་དེ་སྒང་གྲོང་ཚོའི་སྔོ་ཚལ་འཚོང་ལམ་ཐག་གཅོད་བྱས་པ་རེད།

    དུད་ཚང་དབུལ་པོ་སྒྲོལ་མ་ད་ལོ་ལོ་32ཡིན་པ་དང་བཟའ་ཟླ་གྲོང་ཁུལ་དུ་གླ་པར་ཕྱིན་པས་ཁྱིམ་དུ་ཁོང་གིས་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་དགོས་ཀྱི་ཡོད། ད་ཐེངས་ཁོང་གིས་ཚང་མ་དང་མཉམ་དུ་དྲོད་ཁང་འདེབས་འཛུགས་ཀྱི་ལག་རྩལ་སྦྱངས། “ད་ཆ་ང་ཚོའི་གྲོང་ཚོའི་དྲོད་ཁང་ནང་ཧྲང་ཧའེ་ཆིང་དང་། ཞའོ་པད་ཚལ། ཞོག་ཁོག ལ་ཕུག ཨོ་སུན། སོ་ལོ་སྔོན་པོ། ཀྲོ་མ་ཀྲུ། ཧོང་ཀྭ་སོགས་ཁྲོམ་རར་བྲིན་ཁ་རྒྱུག་པའི་ཚལ་རིགས་སྣ་ཚོགས་བཏབ་ཡོད”

    ལོ་ཕྱེད་མ་སོང་བར་སྒང་གྲོང་ཚོས་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ལ་སྔོ་ཚལ་ཐེངས་8མཁོ་འདོན་བྱས་པ་དང་ད་དུང་མི་102ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།

    གཞིས་ལུས་གྲོང་མི་རྣམས་ཕྱུག་འགྱུར་འཇོན་ཐང་ཅན་དུ་གྱུར་ཅིང་། ད་ཆའི་སྒང་གྲོང་ཚོར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་གསར་པ་རྒྱས་བཞིན་ཡོད།

    དགྱེ་གླིང་གྲོང་ཚོ། འབྱོར་འབྲིང་དཔེ་སྟོན་གྲོང་ཚོས“དབུལ་སྒྲོལ་རྨང་བརྟན”གྱི་སྲིད་ཇུས་ལག་ལེན་བསྟར་བ།

    ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོ་དེ་སྒང་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་བ་དང་མི་འདྲ་བར་དགྱེ་གླིང་གྲོང་ཚོ་ནས་འབྲས་སྤུངས་ཤང་སྲིད་གཞུང་བར་2016ལོར་གཞི་ནས་གཞུང་ལམ་ཤར་གཏོང་ཐུབ་ཡོད།

    བོད་ཀྱི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཡིན་པའི་དགྱེ་གླིང་གྲོང་ཚོར་དེ་སྔ་འཕེལ་རྒྱས་ཡག་པོ་དེ་ཙམ་མེད། དེ་སྔ་མེ་ཏོག་རྫོང་ཨུད་ཀྱིས་གྲོང་ཚོའི་ཏང་ཀྲི་པུའུ་དེ་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་སུ་གཏན་འཁེལ་བྱས་པ་དང་། ད་དུང་གྲོང་མིའི“སྒུག་རྟེན་སློང་གསུམ”གྱི་བསམ་བློ་ཚབས་ཆེ་བའི་ཁར་མང་ཆེ་བ་སྟབས་བདེའི་ཞིང་ལས་དང་ཁ་གསབ་སྣ་ཚོགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་སྟབས་སྐད་གྲགས་ཡོད་པའི“བཙོག་ཟིང་ཞན”གསུམ་གྱི་གྲོང་ཚོ་དབུལ་པོ་ཞིག་རེད།

    2019ལོར་རྒྱལ་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་གདོང་མཆོང་དུང་བརྡ་གྲགས་རྗེས། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཧོང་ཅ་པིན་གྱིས་རང་འགུལ་ངང་དགྱེ་གླིང་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་ཁུར་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་བསྐྱོད་རྒྱུའི་རེ་ཞུ་བྱས།

    ཐོན་ལས་ནི“དབུལ་སྒྲོལ་དམངས་བརྟན”གྱི་འགག་རྩ་ཡིན་ལ་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་འགན་ལེན་ནུས་ལྡན་ཞིག་ཀྱང་ཡིན། ཧོང་ཅ་པིན་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ནས་ཏང་ཡོན་གྱི་དཔུང་ཁག་ལ་དམ་འཛིན་ནན་པོ་བྱས་ཏེ་མང་ཚོགས་སྐུལ་སློང་གིས་དབུལ་སྐྱོར་ཇ་ཞིང་མུའུ་385བསྐྲུན་པར་2020ལོར་ཇ་འཐུ་ཐེངས་དང་པོར་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང་ཡོད།

    དྲ་ཐོག་ཚོང་དོན་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་སྦྲགས། ཧོང་ཅ་པིན་གྱིས་མིག་རྒྱང་དེ་དྲ་ཐོག་ཚོང་དོན་གྱི་སྐད་འཕྲིན་ཟོག་ཚོང་ལ་ཕྱོགས་ནས་འཛད་སྤྱོད་དབུལ་སྐྱོར་བྱས་ཤིང་། ཁོང་གིས་རྫོང་དྲ་ཐོག་ཚོང་དོན་ཀུང་སི་གྲོང་ཚོར་གསོ་སྦྱོང་བྱེད་པར་ཐེངས་མང་གདན་དྲངས་ཏེ་གྲོང་ཚོའི་ནང་གི་རིག་གནས་ཡོད་པའི་ན་གཞོན་ཚོར་དྲ་ཐོག་ནས་གྲོང་ཚོའི་ནང་བྲིན་ཁ་མི་རྒྱུག་པའི་འབྲས་དམར་པོ་དང་། ཤིང་ཕོར། སྨན་རྩྭ་སོགས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།

    དགྱེ་གླིང་གྲོང་ཚོ་འདི་ཉིད་མཛེས་ལྗོངས་ལྟ་ན་སྡུག་ཀྱང་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་དེ་ཙམ་ཕྱིན་མེད། ཧོང་ཅ་པིན་ཧྲུའུ་ཅི་དང་པོ་བྱས་རྗེས་གྲོང་མི་རྣམས“སྒོ་རའི་དཔལ་འབྱོར”འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ད་ཆ་དགྱེ་གླིང་གྲོང་ཚོའི་དུད་ཁྱིམ་ཚང་མར་ཚལ་ཞིང་ཡོད་ལ་འབྲས་ཤིང་ཡང་མང་པོ་བཙུགས་ཡོད། “སྒོ་རའི་དཔལ་འབྱོར”འཕེལ་རྒྱས་བཏང་བ་བརྒྱུད་དུད་ཚང་རེར་ཐད་ཀར་འབབ་འཕར་སྒོར་2000ལྷག་ཙམ་བྱུང་བས་གྲོང་མིའི་སྣེ་ཁྲིད་དེ་འབབ་འཕར་བརྟན་པོ་དང་རྩ་སྲ་རྨང་བརྟན་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ཤག་གྲོང་ཚོ། མཐའ་མཚམས་རི་མཐོའི་གྲོང་ཚོ་རང་རྟེན་དབུལ་སྒྲོལ་ཐུབ་པ།

    ཤག་གྲོང་ཚོ་ནི་སྐྱིད་གྲོང་རྫོང་གི་མཐའ་མཚམས་གྲོང་ཚོ་ཆུང་ཆུང་ཞིག་ཡིན་ཞིང་། 2018ལོའི་ཟླ་12པར་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་གྲོང་གསར་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲེན་ཀྲང་ཉི་མ་བསོད་ནམས་ཀྱིས་ལས་དོན་རུ་ཁག་གི་སྣེ་ཁྲིད་དེ་ཤག་གྲོང་ཚོར་བཅའ་སྡོད་བྱས། སྐབས་དེ་དུས་གྲོང་ཚོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་4ཡོད།

    ལས་དོན་རུ་ཁག་གིས“ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས”ལ“བསམ་བློའི་གནད་དོན་ཡང་ཐག་གཅོད་བྱེད་དགོས་པའི”བླང་བྱ་གཞིར་བཟུང་། གྲོང་ཚོ་ཨུ་ལྷན་འཐབ་སར་བྱས་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་བརྒྱུད་རིམ་ལྡན་པའི་ངང་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཇུས་གལ་ཆེན་ཤེས་རྟོགས་ཐུབ་ཚད་ཆེ་རུ་བཏང་ཞིང་། “རང་རྟེན་ཕྱུག་པོ་ཆགས་རྒྱུའི”ཡིད་ཆེས་དང་ཆོད་སེམས་ཆེ་རུ་བཏང་ཡོད།

    ཤག་གྲོང་ཚོའི་དུད་ཚང་དབུལ་པོ་དཔལ་ལྡན་གྱིས་གྲོང་སྡོད་ལས་དོན་རུ་ཁག་བཙལ་ནས་རང་ཉིད་ཀྱིས་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུའི་འདུན་པ་བཤད། “དུས་འགོའི་བརྟག་ཞིབ་བྱེད་རིང་དཔལ་ལྡན་མིག་ཤེད་ཡག་པོ་མེད་པས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པ་ཤེས་བྱུང”དཔལ་ལྡན་གྱི་རང་འགུལ་ངང་དབུལ་སྒྲོལ་བྱེད་འདོད་པའི་བསམ་བློ་དེ་ལས་ཉི་མ་བསོད་ནམས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།

    “མང་ཚོགས་དབུལ་པོ་རྣམས་དབུལ་པོ་ལས་སྒྲོལ་འདོད་ཆེན་པོ་འདུག ང་ཚོ་ལས་དོན་རུ་ཁག་གིས་ཁོང་ཚོར་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་རོགས་མ་བྱས་ན་ག་ལ་འགྲིག”འཕྲལ་དུ་ཤག་གྲོང་ཚོའི་གནས་སྐབས་ཆུ་སྣོན་ས་ཚིགས་དེ་དཔལ་ལྡན་གྱི་རང་མགོ་རང་ཐོན་གྱི་ལས་ཀར་གྱུར། ཆུ་སྣོན་ས་ཚིགས་ཀྱི་ཁ་སྤྲོད་ནི་ཨར་འདམ་གཡོ་ས་ཡིན་པས་ཉིན་ལྟར་ཆུ་སྣོན་ས་ཚིགས་ནས་རླངས་འཁོར་མང་པོ་འགྲོ་གྱི་ཡོད་པར་བརྟེན་གྲོང་སྡོད་ལས་དོན་རུ་ཁག་གིས་སླར་ཡང་དཔལ་ལྡན་ལ་ཚོང་ཁང་ཆུང་ཆུང་ཞིག་གཉེར་རྒྱུའི་ལྕག་སྐུལ་བྱས།

    ད་ཆ་དཔལ་ལྡན་གྱི་ཆུ་སྣོན་ས་ཚིགས་དང་ཙག་ཙིག་ཚོང་ཁང་གི་ཚོང་བྲིན་ཁ་རྒྱུག་པ་དང་། བཟའ་ཟླས་ཁྱིམ་དུ་ཞིང་ཁ་འདེབས་པ། བུ་རྫོང་ཆ་ཚང་སློབ་ཆུང་དུ་སློབ་སྦྱོང་བྱེད་ཀྱི་ཡོད་པས་འཚོ་བ་ཚ་སོབ་སོབ་ཡོད་པ་རེད།

    དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ད་དུང་སྐྱེལ་རྒྱུ་ཡོད་ལ་གངས་ལྗོངས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱང་མུ་མཐུད་སྐྲུན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།