ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས“1+8”གྲོང་ཚོའི(གྲོང་ལྷན)སྤྱི་ཚོགས་ལས་དོན་པའི་ལས་རིགས་མ་ལག་འཛུགས་སྐྱོང་ལ་ཚོད་ལྟའི་ངང་སྐུལ་འདེད་བཏང་ཞིང་། དེའི་དམིགས་ཡུལ་ནི། ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་སྤྱི་ཚོགས་ལས་དོན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་ཆེད་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱ་ཆེད་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “1+8”གྲོང་ཚོའི(གྲོང་ལྷན)སྤྱི་ཚོགས་ལས་དོན་པའི་ལས་རིགས་མ་ལག་འཛུགས་སྐྱོང་ཁྲོད“1+8”ལམ་ལུགས་མ་ལག་གཙོ་གནད་ཐོག་བཏོད་ཅིང་། “1”ནི་སྤྱིའི་འཛུགས་སྐྲུན་ཇུས་གཞི་དང་“8”ནི་མི་གྲངས་དོ་དམ་དང་། འཇུག་འཐུས་ལམ་སྲོལ། དོ་དམ་མ་ལག ལས་གནས་བཀོད་སྒྲིག ཐོབ་ཐང་འགན་ལེན། དཔྱད་ཞིབ་དོ་དམ། སློབ་གསོ་གསོ་སྦྱོང་། ཕྱིར་འཐེན་ཕྱིར་འབུད་བཅས་ཀྱི་ལམ་སྲོལ་གྱི་ལེ་ལག་ཚང་བའི་ལམ་ལུགས་8ལ་ཟེར། ཆུས་དང་གྲོང་རྡལ(ཁྲོམ་གཞུང)རིམ་པ་གཉིས་སུ་སྤྱི་ཚོགས་ལས་དོན་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་དེ་སྔའི་གྲོང་ཚོའི(གྲོང་ལྷན)སྟོབས་ཤུགས་ཀྱི“ཕྱོགས་མང་དོ་དམ”གྱི་ཟང་ཟིང་རྣམ་པ་ཐག་གཅོད་བྱས་པ་རེད། “ལས་གནས་བཞི་དང་རིམ་པ་ཉི་ཤུ”ཡི་ལས་གནས་རིམ་པ་བཙུགས་ནས་གཞི་རིམ་གྱི“མི་སྣ་མི་འདང་བའི”གནད་དོན་ཐག་གཅོད་བྱས་ཤིང་། གྲོང་ཚོའི(གྲོང་ལྷན)སྤྱི་ཚོགས་ལས་དོན་པའི་ལས་གནས་ཀྱི་འགན་འཁྲིའི་གསལ་ཐོ་བཟོས་ནས་གཞི་རྩའི་ལས་ཀའི་འགན་འཁྲི་ཁག་8ཁ་གསལ་བཏོན་ཏེ་ལས་གནས་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བར་བྱས་པ་དང་། མི་སྣའི་ཡོང་ཁུངས་ཐད“ལས་སྒྱུར་དང་། རྒྱུགས་བསྡུ། གདན་ཞུ”བཅས་ཀྱི་བྱེད་སྟངས་གསུམ་བཏོད་དེ་ད་ལྟའི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ཕུལ་བྱུང་ཁྲོད་ནས་ཁག་གཅིག་ལས་སྒྱུར་བསྐོ་གཞག་དང་། གཞི་རིམ་ནས་ཁག་གཅིག་བསྡུ་བ། སྤྱི་ཚོགས་ནས་ཁག་གཅིག་བསྡུ་བ་བཅས་མཐའ་འཁྱོངས་ཀྱིས་གན་རྒྱ་ཅན་གྱི་དོ་དམ་གཅིག་གྱུར་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག་རིམ་དབྱེ་རིགས་དབྱེའི་གསོ་སྦྱོང་ལམ་ལུགས་བཙུགས་ནས་ཆེད་ལས་རྩལ་ནུས་དང་དངོས་སྦྱོང་ནང་སྦྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལོ་ལྟར་གྲོང་ཚོའི(གྲོང་ལྷན)སྤྱི་ཚོགས་ལས་དོན་པ་ཚང་མར་རེས་སྐོར་སྦྱོང་བརྡར་ཐེངས་རེ་བྱེད་པ་དང་། ཐོབ་ཐང་བདེན་དཔང་ར་སྤྲོད་ཀྱི་རྒྱུགས་ལེན་ལམ་ལུགས་འཛུགས་པ། གྲོང་ཚོའི(གྲོང་ལྷན)སྤྱི་ཚོགས་ལས་དོན་པ་ཚང་མས་གན་རྒྱའི་དུས་བཀག་ནང་ཐོབ་ཐང་བདེན་དཔང་ར་སྤྲོད་ལག་ཁྱེར་རག་པ་བཅས་བྱས་ནས་སྤྱི་ཚོགས་ལས་དོན་པ་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་སྐྱོད་ཐུབ་པ་བྱས་ཡོད།