དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཅིན་ཐཱ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་དབུལ་སྐྱོར་དཀའ་སེལ་གྱི་ལས་དོན་སྤེལ་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-18

    བོད་ལྗོངས་ཅིན་ཐཱ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་ཚུན། རང་ངོས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་དུས་མཉམ་དུ། ཐོག་མཐའ་བར་གསུམ་དུ་དྲིན་ཚོར་གྱི་སེམས་པ་འཁྱེར་ནས་དབུལ་སྐྱོར་དཀའ་སེལ་གྱི་ལས་དོན་སྤེལ་ཏེ། སྤྱི་ཚོགས་ཀྱི་དྲིན་ལན་འཇལ་བའི་འགན་འཁྲིའི་བསམ་པ་ཆེན་པོ་མཚོན་པར་བྱས་པ་རེད།

    2017ལོར་ཚོགས་པ་ཀུང་སིས་དངུལ་སྒོར་དུང་ཕྱུར་1.4བཏང་ནས་རྒྱལ་རྩེ་རྫོང་དུ་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་3ཟིན་པའི་ཕྱོགས་བསྡུས་ཁྲོམ་ར་བརྒྱབ་ནས་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག མང་ཚོགས་དབུལ་པོར་ཡོང་འབབ་བརྟན་པོ་ཡོང་བར་བྱས་པ་རེད། 2019ལོ་ནས་2020ལོ་བར་ཚོགས་པ་ཀུང་སིས་དབུལ་སྒྲོལ་འགག་སྒྲོལ་ལ་གཞོགས་འདེགས་བྱས་ཏེ་རྒྱལ་རྩེ་རྫོང་རི་ཞིང་ཤང་ལ་སྒོར་ཁྲི་50རི་བའི་འདོན་འཇུག་འཕྲུལ་འཁོར་ཞལ་འདེབས་བརྒྱབ་པ་མ་ཟད། ཨར་ལས་མཉམ་ལས་ཁང་འཛུགས་རོགས་དང་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་རོགས་བྱས་ཤིང་། ལོ་གཉིས་པར་དུད་ཚང་18ཡི་མི་66ལ་འདོན་འཇུག་འཕྲུལ་འཁོར་གྱི་ཁེ་སྤོགས་སྒོར་ཁྲི་14.4བགོ་འགྲེམས་བརྒྱབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།