ཉིན་ཤས་གོང་། འདམ་གཞུང་གི་འབྲི་གཡག་རྒྱུད་སྤེལ་ཚན་རྩལ་གསར་གཏོད་རྟེན་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་འདམ་ཆུ་ཁ་གྲོང་རྡལ་དུ་ལས་འགོ་མ་ཚུཌ་གོང་གི་ས་གནས་ས་ཐོག་གི་བཀོད་སྒྲིག་ཚོཌ་འདུ་འཚོཌ་པ་ལས་རྣམ་གྲངས་དེ་དངོས་སུ་ལས་འགོ་ཚུགས་པ་མཚོན།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་འབྲོག་ལས་ཕྱུགས་རིགས་སྨན་བཅོས་ཞིབ་འཇུག་ཁང་གིས་འགན་འཁུར་བ་དང་། མ་རྩ་སྒོར་ཁྲི་5115བཏང་བར་ས་ཁྱོན་སྨི་ངོས་གྲུ་8916.37ཟིན་པ་དང་། དེར་ཕྱོགས་བསྡུས་ཁང་པ་དང་། ཁམས་དཀར་འཁྱགས་གཏོང་ཐོན་སྐྱེད་འཁོར་ཁང་། ལྷས་ར། གཟན་ཁང་། དེ་བཞིན་ལེ་ལག་ཚང་བའི་སྒྲིག་བཀོད་སོགས་གཙོ་བོར་བསྐྲུན་རྒྱུ་ཡིན་པ་རེད།
རྣམ་གྲངས་དེས་འདམ་གཞུང་རྫོང་གནས་ཡུལ་གྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ཆ་རྐྱེན་ལ་བརྟེན་ནས་འདམ་གཞུང་རྫོང་གི་འབྲི་གཡག་གི་ཁམས་དཀར་འཁྱགས་གཏོང་ས་ཚིགས་ལེགས་བཅོས་བྱས་ནས་འབྲི་གཡག་གི་རིགས་རྒྱུན་ཐོན་ཁུངས་དང་། རྒྱུད་བཟང་སྤེལ་བ། ཁམས་དཀར་འཁྱགས་གཏོང་ཐོན་སྐྱེད། རྩྭ་ར་སྲུང་སྐྱོང་། བདེ་ཐང་གསོ་སྤེལ། ཚན་རྩལ་གསོ་སྦྱོང་སོགས་གཞི་གཅིག་ཅན་གྱི་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་། རིམ་པ་མཐོ་ཤོས། སྒྲིག་བཀོད་སྔོན་ཐོན་ཆེ་ཤོས་བཅས་ཀྱི་འབྲི་གཡག་རྒྱུད་སྤེལ་ཚན་རྩལ་གསར་གཏོད་དཔེ་སྟོན་རྟེན་གཞི་ཞིག་བསྐྲུན་རྒྱུ་ཡིན་པ་པ་དང་། རང་ལྗོངས་ཀྱི་འབྲི་གཡག་གི་རྒྱུད་པ་བཟང་དུ་གཏོང་བར་བརྟེན་ནས་འབྲི་གཡག་ཐོན་ལས་ཀྱི་སྤུས་ཕན་གཉིས་འཕར་ཡོང་བར་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།