དབུ་ཤོག>ཞིང་འབྲོག་གསར་པ།
  • ཏང་གི་བཀའ་དྲིན་ཡིད་ལ་བཅངས། མང་ཚོགས་ཕྱུག་པོའི་ལམ་དུ་ཁྲིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-18

    653220_yis_1623945600000_s.jpg

    འདི་ནི་བམ་གྲོང་གྲོང་ཚོའི་གྲོང་མི་ཉི་མས་རང་ཉིད་ཀྱིས་བཏབ་པའི་ཀོ་ཤ་སྟོན་པ། 

    653218_yis_1623945600000_s.jpg

    འདི་ནི་ཉི་མ་དམར་པོའི་ཁྱིམ་ཚང་ཞིང་རའི་ལས་དོན་མི་སྣས་ཀོ་ཤ་འཐུ་བཞིན་པ།

    653216_yis_1623945600000_s.jpg

    འདི་ནི་ཉི་མ་དམར་པོའི་ཁྱིམ་ཚང་ཞིང་རའི་ལས་དོན་མི་སྣས་དྲོད་ཁང་ཆེ་མོའི་ནང་ལས་ཀ་བྱེད་བཞིན་པ།

    འདི་ལོ་ལོ་54ལ་སླེབས་པའི་ཉི་མ་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོའི་གྲོང་མི་ཡིན་པ་དང་དེ་སྔ་ཉི་མའི་ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོར་གྱུར། མི་ཕལ་པ་ཞིག་ལྟར་སྡོད་འདོད་མེད་པའི་ཁོང་གིས་ད་ལྟའི་འཚོ་བར་འགྱུར་ལྡོག་གཏོང་དགོས་བསམ་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་སེམས་ཐག་བཅད། སྨན་གླིང་རྫོང་སྲིད་གཞུང་གི་རོགས་རམ་འོག་ཉི་མས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་ཚན་རྩལ་གསོ་སྦྱོང་ལ་ཞུགས་ནས་ཚན་རྩལ་གྱི་སྟོབས་ཤུགས་ལ་ངོས་འཛིན་ཐུབ་སྟེ་ཀོ་ཤ་འདེབས་འཛུགས་ཀྱི་ལག་རྩལ་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་འགོ་ཚུགས།

    2012ལོའི་ཟླ་9པར་ཉི་མས་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་ཤོ་ཁ་གྲོང་ཚོར་སྨན་གླིང་ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་ར་བཙུགས། ཉི་མ་དམར་པོའི་ཁྱིམ་ཚང་ཞིང་ར་ནི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཁེ་ལས་ཤིག་ཡིན་པ་དང་གཙོ་བོ་ཀོ་ཤ་འདེབས་འཛུགས་བྱེད་ཀྱི་ཡོད། ཁྱིམ་ཚང་ཞིང་ར་དེ་ཀོ་ཤ་འདེབས་འཛུགས་དྲོད་ཁང་ཆེ་མོ་དང་། ཐོན་རྫས་འགྲེམས་སྟོན་ལྟེ་གནས། ཏང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་ཡུལ་བཅས་ཁག་གསུམ་ལས་གྲུབ་ཡོད། ལོ་མང་རིང་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད། ད་ཆ་ཉི་མས་ཀོ་ཤ་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་2བསྐྲུན་པ་དེའི་ས་བཟུང་རྒྱ་ཁྱོན་མུའུ་300ཙམ་ཟིན་པ་དང་ཆབས་ཅིག ཁོང་གིས་ད་དུང་སྨན་གླིང་རྫོང་ཁོངས་གཏོགས་ཀྱི་གྲོང་ཚོ་6དང་དེ་བཞིན་ཀོང་པོ་རྒྱ་མདའ་རྫོང་དང་། རྫ་ཡུལ་རྫོང་། སྤོ་བོ་རྫོང་། སྣང་རྫོང་། བྲག་ཡིབ་ཆུས་སོགས་ཀྱི་མཉམ་ལས་ཁང་དང་། ཁེ་ལས། སྒེར་གཉེར་ཞིང་དུད་བཅས་ལ་ཀོ་ཤའི་སོན་མཁོ་འདོན་དང་འདེབས་འཛུགས་ལག་རྩལ་མཛུབ་ཁྲིད་བྱེད་ཀྱི་ཡོད།

    ཉི་མས་རིམ་ཁག་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་ཚན་རྩལ་གསོ་སྦྱོང་ལ་ཐེངས་མང་ཞུགས་ཏེ་ཞིང་རའི་ཐོན་རྫས་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བཏང་ནས་ནུས་ཤུགས་ཡོད་རྒུས་ཚད་ལྡན་ཅན་དང་དེང་རབས་ཅན་གྱི་ཁྱིམ་ཚང་གི་ཞིང་ར་གཏོད་རྒྱུའི་སེམས་ཐག་བཅད། ཁོང་གིས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་སློབ་སྦྱོང་ནན་ཏན་བྱེད་ཀྱིན་དུ་འཚོལ་ཞིབ་གསར་གཏོད་བྱས་ཏེ། ཚན་རྩལ་དང་ཞིང་རའི་དོན་དངོས་གནས་ཚུལ་ཟུང་འབྲེལ་བྱས་ནས་ཀོ་ཤ་དང་སྡོང་ཕུང་འདེབས་འཛུགས་ཀྱི་ཉམས་མྱོང་ཆ་ཚང་ཞིག་རིམ་བཞིན་གྲུབ་ཡོད།

    ཉི་མས་ཚན་རྩལ་གྱི་སྟོབས་ཤུགས་དང་དེ་བཞིན་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་སྟེ། སྨན་གླིང་རྫོང་གི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པ་མ་ཟད། རིམ་ཁག་སྲིད་གཞུང་གི་གཟེངས་བསྟོད་ཐེངས་མང་ཐོབ་ནས་2021ལོའི་ཟླ་2པར་ཉི་མ“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”ལ་བདམས།

    བྱ་གཞག་ལ་གྲུབ་འབྲས་དང་མཚན་སྙན་མང་པོ་ཐོབ་ཀྱང་ཉི་མས་རང་ཉིད་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་ནམ་ཡང་བརྗེད་མེད། རང་ཉིད་ཕྱུག་པོ་ཆགས་པ་དང་ཆབས་ཅིག་ཏང་གི་བཀའ་དྲིན་དུས་ནམ་ཡང་མ་བརྗེད་པར་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། རིན་མེད་ངང་འདེབས་འཛུགས་ལག་རྩལ་སློབ་པ་དང་། རིན་མེད་ངང་ཤ་མོའི་སོན་ཁུག་མཁོ་འདོན་བྱེད་པ། ལས་ཞུགས་ལས་གནས་མཁོ་འདོན་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཉེ་འཁོར་གྱི་མང་ཚོགས་དང་དཀའ་ངལ་ཡོད་པའི་དུད་ཚང་ལ་འབབ་འཕར་ཡོང་བར་སྣེ་ཁྲིད་བྱས་པ་རེད།

    ཉི་མས་ལོ་ལྟར་ཞིང་འབྲོག་མང་ཚོགས་200ལྷག་ཙམ་ལ་ཀོ་ཤའི་འདེབས་འཛུགས་དང་དོ་དམ་ལག་རྩལ་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཁོང་གིས་ད་དུང་སྨན་གླིང་རྫོང་དུ་ཏང་ཡོན་གྱི་དཔེ་སྟོན་དྲོད་ཁང་2བཙུགས་ནས་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོཌ་ལ་དུས་རྟག་ཏུ་ཀོ་ཤ་དང་སྡོང་ཕུང་སོགས་སྨན་རྩྭ་འདེབས་འཛུཌ་ལག་རྩལ་སློབ་སྦྱོང་བྱ་རྒྱུར་མཁོ་འདོན་བྱས་ཡོད།

    2016ལོར་ཉི་མས་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ནས་ས་གནས་དེ་གའི་དུད་ཚང་དབུལ་པོ་15དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཆ་སྒྲིག་རོགས་སྐྱོར་འབྲེལ་བ་བཙུགས་པ་དང་ད་ཆ་རོགས་སྐྱོར་དུད་ཚང་21བར་མང་དུ་ཕྱིན་ཡོད། 2020ལོའི་ལོ་མཇུག་བར་ཉི་མས་ཆ་སྒྲིག་རོགས་སྐྱོར་དུད་ཚང་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་23.75སྤྲད་པ་རེད། 2018ལོར་ཉི་མས་ཞིང་རའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་དུད་ཚང་དབུལ་པོ་ལས་ཞུགས་འབབ་འཕར་ཡོང་བར་སྣེ་ཁྲིད་བྱེད་པའི་རབ་དགའ་གྲོང་ཚོའི་ཡག་བརྟེན་བོད་སྨན་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་དང་དཔལ་སྡིངས་བོད་སྨན་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་ལ་སྒོར་ཁྲི་8རི་བའི་ཀོ་ཤའི་སོན་རིན་མེད་ངང་མཁོ་འདོན་བྱས་པ་རེད། 2019ལོར་ཉི་མ་དམར་པོའི་ཞིང་རས་སྨན་གླིང་རྫོང་ཁོངས་གཏོགས་ཀྱི་གྲོང་གསར་གྲོང་ཚོ་སོགས་གྲོང་ཚོ་7གྱི་འདེབས་འཛུཌ་དུད་ཚང་ལ་སྒོར་ཁྲི་60ལྷག་ཙམ་རི་བའི་ཀོ་ཤའི་སོན་མཁོ་འདོན་བྱས་པ་དང་དུད་ཚང་དབུལ་པོར་རིན་གོང་སྒོར་ཁྲི་11.25རི་བའི་ཀོ་ཤའི་སོན་མཁོ་འདོན་དང་འདེབས་འཛུཌ་ལག་རྩལ་མཛུབ་ཁྲིད་བྱས་པ་མ་ཟད། དུད་ཚང་དབུལ་པོར་བོད་སྨན་སྨན་རྩྭ་འདེབས་རོཌ་བྱས་པ་དང་ཀོ་ཤ་ཉོས་ནས་དུད་ཚང་དབུལ་པོར་ཐོན་འཕར་འབབ་འཕར་ཡོང་བར་སྣེ་ཁྲིད་ནུས་ལྡན་བྱས་ཡོད་པ་རེད།

    གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཉི་མས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཏང་ལ་ཞུགས་པའི་ཐོག་མའི་བསམ་འདུན་བརྗེད་མེད། ཁོང་གིས་2018ལོར་སྨན་གླིང་རྫོང་ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་ཏང་ཀྲི་པུའུ་བཙུགས་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་ལས་དོན་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐད་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

    ཉི་མས་ཞིང་ར་ནས་གཅིག་གྱུར་གསོ་སྦྱོང་གསར་གཏོད་བྱེད་པ་དང་། ཞིང་རས་གཅིག་གྱུར་ངང་ཤ་མོའི་སོན་ཁུག་མཁོ་འདོན་བྱེད་པ། ཞིང་རས་གཅིག་གྱུར་ངང་འདེབས་འཛུགས་དོ་དམ་ལག་རྩལ་མཛུབ་སྟོན་བྱེད་པ། ཞིང་རས་གཅིག་གྱུར་ངང་སྡོང་ཕུང་ཉོ་སྒྲུབ་བྱས་ཏེ་ཞིང་འབྲོག་མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི“གཅིག་གྱུར་བཞིའི”གཉེར་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་བ་དང་། 2020ལོར་ཞིང་རས་སྨན་གླིང་རྫོང་ཁོངས་གཏོགས་ཀྱི་གྲོང་ཚོ་བཞིའི་མཉམ་སྡེབ་ཀྱི་དྲོད་ཁང་ཆེ་མོ་100ལྷག་ཙམ་ལ་ཀོ་ཤའི་སོན་ཁུག་ཁྲི་40ལྷག་ཙམ་མཁོ་འདོན་བྱས་པ་དང་ཆབས་ཅིག གྲོང་ཚོ་ཁག་གི་འདེབས་འཛུགས་རྟེན་གཞིའི་ཐོན་སྐྱེད་དང་ཕྱིར་ཚོང་གི་ཉེན་ཁ་ཆུང་དུ་གཏོང་ཆེད། ཀོ་ཤ་སྨིན་རྗེས་གཅིག་གྱུར་ཉོ་སྒྲུབ་ཀྱི་འགན་འཁུར་ནས་ཀོ་ཤ་ཉོ་སྒྲུབ་ཀྱི་དངུལ་སྒོར་ཁྲི་120ལྷག་ཙམ་དང་ས་ཞིང་བརྒྱུད་བཤུག་གི་བོགས་དངུལ་སྤྲད་དེ་ས་གནས་དེ་གའི་མང་ཚོགས་ཐོན་འཕར་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    འདི་ལོ་ཉི་མས་ཉི་མ་དམར་པོའི་ཞིང་རའི་སྣེ་ཁྲིད་དེ“གཅིག་གྱུར་བཞིའི”གཉེར་སྐྱོང་བྱེད་སྟངས་སྔར་བས་ལེགས་སུ་བཏང་ནས་སྨན་གླིང་རྫོང་གི་ཤང་དང་གྲོང་རྡལ་4ཡི་གྲོང་ཚོ་7གྱི་མཉམ་སྡེབ་དང་མཉམ་ལས་འབྲེལ་བ་བཙུགས་ཏེ་ཐོན་སྐྱེད་གཉེར་སྐྱོང་གི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་ས་གནས་དེ་གའི་ཁྱད་ལྡན་སྨན་རྩྭ་ཐོན་སྐྱེད་དང་ཕྱིར་ཚོང་གཞི་ཁྱོན་ཅན་དང་། ཞིབ་ཚགས་ཅན། ཆེད་ལས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད།

    ཀོ་ཤའི་སོན་མཁོ་འདོན་དང་འདེབས་འཛུགས་ལག་རྩལ་རིན་མེད་ངང་མཛུབ་ཁྲིད་བྱས་པ་དང་། རིན་མེད་ངང་ཤ་མོའི་སོན་ཁུག་མཁོ་འདོན་བྱས་པ། ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་ལ་སོགས་ཉི་མས་དབུལ་སྒྲོལ་སྲིད་ཇུས་དང་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་དབུལ་ཞྭ་ཕུད་དེ་དུད་ཚང་དབུལ་པོ་ཞིག་ནས་སྨན་གླིང་ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་སྲོལ་གཏོད་པ་དང་ཁྲིམས་མིའི་འཐུས་མིར་གྱུར་ཡོད། རང་ཉིད་ཕྱུག་པོ་ཆགས་པ་དང་ཆབས་ཅིག་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་མི་བརྗེད་པར་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་བྱ་ཐབས་སྣ་ཚོགས་སྤྱད་ནས་མཐའ་འཁོར་གྱི་མང་ཚོགས་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།