དབུ་ཤོག>ཞིང་འབྲོག་གསར་པ།
  • ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་57ཟིན་པའི་བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-06-04

     ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་བྱེད་མགྱོགས་སུ་བཏང་ཞིང་། གྲངས་གཞི་ལས་མངོན་པར། 2020ལོར་བོད་དུ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་162ཡོད་པ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་57ཟིན་པ་དེ་2015ལོ་ལས་ལྡབ་གཅིག་འཕར་ཡོད། རིམ་པ་དམའ་བའི་ཞིང་ལས་ཐོན་རྫས་འབོར་ཆེན་ལས་སྣོན་ཞིབ་ཚགས་བྱས་རྗེས་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་རྫས་སུ་གྱུར་ནས་རྒྱལ་ཡོངས་ཀྱི་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཡོད་པའི་འདམ་གཞུང་ནི་ལྷ་སར་སྐད་གྲགས་ཆོད་པའི་འབྲོག་ལས་རྟེན་གཞི་ཡིན་ཞིང་། སྲོལ་རྒྱུན་གྱི་ཚགས་ཤ་ཚོང་སྟངས་དང་བསྡུར་ཚེ་འདམ་གཞུང་རྫོང་གིས་2015ལོར“ཐོབ་ཐང་ལག་ཁྱེར”ལྡན་པའི་ཚགས་ཤ་ཁྲོམ་རར་བཏོན་ཡོད། འབྲི་གཡག་སྐྱེས་མ་ཐག་གཟུགས་པོའི་ནང་གློག་རྡུལ་ཉིང་ལེབ་བཅུག་ནས་གསོ་ཚགས་དུད་ཚང་གི་གཞི་རྩའི་གནས་ཚུལ་དང་། ཕྱུགས་རིགས་ཀྱི་བདེ་ཐང་གནས་ཚུལ། རིམས་འགོག་གནས་ཚུལ། རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་ཆ་འཕྲིན་ཐོ་འགོད་བྱས་ཡོད། བརྟག་དཔྱད་ཚད་ལོན་བྱུང་ནས་འབྲི་གཡག་བཤས་བཏང་རྗེས་ཐོན་རྫས་སྣ་ཁ་བཅུ་ལྷག་ཙམ་བཟོ་བ་དང་དུས་མཚུངས་ཚགས་ཤ་ཚང་མར་ཨང་རྟགས་དང་། ལྗིད་ཚད། འབྲོག་པའི་ཨང་རྟགས། ལྟ་སྐུལ་ཁ་པར་ཨང་གྲངས་སོགས་ཡོད་པས་འཛད་སྤྱོད་པས་ཚགས་ཤའི་སྤུས་ཀ་དང་ཡོང་ཁུངས་འདེད་ཐུབ་ཀྱི་ཡོད་པ་རེད།

    “ལས་སྣོན་ཧ་ཅང་ཞིབ་ཚགས་བྱས་རྗེས་ད་ཆ་འབྲི་གཡག་གཅིག་ལ་སྒོར་15000རག་གི་ཡོད་པས་དེ་སྔོན་གྱི་ལྡབ་གསུམ་ཙམ་རེད། ན་ནིང་ལོ་མཇུག་བར‘ཐོབ་ཐང་ལག་ཁྱེར’ལྡན་པའི་ཚགས་ཤ་ཏུན་500ལྷག་ཙམ་ཟིན་ནས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་2000ལྷག་ཙམ་ཟིན་ཡོད”ཅེས་འདམ་གཞུང་རྫོང་གི་རྫོང་དཔོན་འཆི་མེད་ཚེ་རིང་གིས་བཤད།

    མིག་སྔར་བོད་དུ་འབྲི་གཡག་གསོ་སྤེལ་རྟེན་གཞི་21ཡོད་པ་དང་ལོར་སྡོམ་གསོས་བཤས་གཏོང་བྱེད་ཚད་ཕྱུགས་རིགས་མགོ་གྲངས་ཁྲི་7ལྷག་ཙམ་ཟིན་གྱི་ཡོད་པ་དང་། སྤུས་ལེགས་ནས་ཀྱི་རྟེན་གཞི་མུའུ་ཁྲི་214.1ཟིན་པ་དང་ལོར་ནས་ཐོན་ཚད་ཏུན་ཁྲི་80ཙམ་ཟིན་གྱི་ཡོད། འབྲི་གཡག་དང་ནས་སོགས་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་སུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་བས་པ་སྣམ་གྱི་སྐྱེ་ལྡན་སྔོ་ཚལ་དང་། ལྷུན་རྩེའི་ནས་ནག ཆབ་མདོའི་ཨ་དབང་ལུག ཉིང་ཁྲིའི་བོད་ཕག་སོགས་ཁྲོམ་རར་འགྲན་རྩོད་ཆེན་པོ་ལྡན་པའི་ཐོན་རྫས་འབོར་ཆེན་ཐོན་ཡོད།

    བོད་ཀྱི་ཞིང་འབྲོག་ཐོན་རྫས་ལ་ས་མཐོའི་ཁྱད་ཆོས་ལྡན་པ་དང་ཐོན་སྐྱེད་ཁོར་ཡུག་ལེགས་པས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་ཅིང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་བོད་ལྗོངས་ཁྲུན་ཀོང་བཟའ་བཅའ་ཚད་ཡོད་ཀུང་སིས་མི་སེར་གྱི་ས་ནས་ནས་ཉོས་ཏེ་ལས་སྣོན་བྱས་རྗེས་ཏན་ཞིམ་དང་རྩམ་པ་སོགས་ཁྱད་ལྡན་ཐོན་རྫས་སྣ་ཁ་བཅུ་ཙམ་བཟོས་ཏེ་རྒྱལ་ཡོངས་ས་གནས་ཁག་དང་ད་དུང་རི་པིན་དང་། ཧན་གོ ནེ་པ་ལ་སོགས་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱེད་ཀྱི་ཡོད།

    ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་བསྲིང་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་མང་དུ་བཏང་བས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་ཕྱིན་ཞིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ལུང་བཟང་གྲོང་ཚོའི་གྲོང་མི་བསྟན་འཛིན་གྱིས་ལོ་ཤས་རིང་རང་ཁྱིམ་གྱི་ནས་སྒོ་རྩར་ཡོད་པའི་བདེ་ཆེན་ཉི་འོད་གཞིས་ཀ་ཚད་ཡོད་ཀུང་སིར་བཙོངས་པ་རེད། སྣེ་འདྲེན་ཁེ་ལས་དེའི་ལོའི་ནས་ལས་སྣོན་བྱེད་ཚད་ཏུན་ཁྲི་10ཡན་ཟིན་གྱི་ཡོད་པ་དང“ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད། ཉེ་འཁོར་གྱི་འདེབས་འཛུགས་དུད་ཚང་ལ་ལོར་ཡོང་འབབ་སྒོར་ཁྲི་4000ལྷག་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།