དབུ་ཤོག>ཞིང་འབྲོག་གསར་པ།
  • གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ངལ་ནུས་ཕྱིར་གཏོང་གི་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-26

    ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་ཀྱིས་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་བ་དང“འགྱུར་ལྡོག་གསུམ”གྱི་བྱེད་ཐབས་སྤྱད་དེ་ངལ་ནུས་ཕྱིར་གཏོང་གི་རྩ་འཛུགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཞིང་འབྲོག་མང་ཚོཌ་དེ་བས་བརྟན་པ་དང་། དེ་བས་རྒྱུན་མཐུད། དེ་བས་སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།

    ངལ་ནུས་ཕྱིར་གཏོང“སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ”ནས“ཁྲོམ་རས་གཙོ་ཁྲིད་བྱེད་པའི”བར་འགྱུར་ལྡོག་བྱུང་ཞིང་། མིག་སྔར་བསམ་གྲུབ་རྩེ་ཆུས་ཀྱིས་ཆུས་རིམ་པའི་ངལ་ནུས་མངགས་གཏོང་ཀུང་སི་2དང་ངལ་ནུས་མཉམ་ལས་ཁང་90བཙུགས་པ་དང་ངལ་ནུས་བར་ཁེ་བ་176གསོ་སྐྱོང་བྱས་པ་རེད། འདི་ལོ་ཚུན་དུ་གཞིས་རྩེ་གསར་གཏོད་ངལ་ནུས་མངགས་གཏོང་ཀུང་སིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་སྤྱད་དེ་སྔ་རྗེས་སུ་ཞིང་འབྲོག་མང་ཚོགས་80ལྷག་ཙམ་སྒྲིག་འཛུགས་བྱས་ནས་མངའ་རིས་སུ་ལས་ཀར་བསྐྱོད་པ་དང་། ཞིང་འབྲོག་མང་ཚོགས་300ལྷག་ཙམ་ནག་ཆུ་གྲོང་ཁྱེར་དུ་ལས་ཀར་བསྐྱོད་པ། ལས་ཞུགས་དུས་ཡུན་ཆ་སྙོམས་ཟླ་6ལས་མི་ཉུང་བ་དང་མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་5000ལས་མི་ཉུང་བར་བྱས་པ་རེད།

    སྲིད་ཇུས་ཀྱི་རོགས་སྐྱོར“སྣ་གཅིག་ཅན”ནས“སྣ་མང་ཅན”དུ་འགྱུར་ལྡོག་བྱུང་ཞིང་། བསམ་གྲུབ་རྩེ་ཆུས་ཀྱིས་མ་དངུལ་དང་སྲིད་ཇུས་ཀྱི་སྣེ་ཁྲིད་ནུས་པ་བཏོན་པ་དང་སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་ལ་བརྟེན་ནས་ངལ་ནུས་མངཌ་གཏོང་སྒྲིག་གཞིས་རང་འགུལ་ངང་ཁྲོམ་རར་སྐྱོད་པ་དང་ལས་གནས་འཚོལ་བར་ཁྲིད་སྟོན་དང་ལྕག་སྐུལ་བྱས་ཏེ། མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་སྒྲིག་འཛུགས་བྱས་པ་རེད། རྩ་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་གྱི་དུས་ཡུན་ཟླ་6ཡན་ཟིན་པའི་ངལ་ནུས་མངགས་གཏོང་སྒྲིག་གཞི་དང་ཞིང་འབྲོག་མང་ཚོགས་ཀྱིས་སྲིད་གཞུང་གིས་སྤྲད་པའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་དང་། ལས་འཚོལ་ལས་གཏོད་ཀྱི་ཁ་གསབ། ཐེངས་གཅིག་རང་བཞིན་གྱི་ལམ་གྲོན་ཁ་གསབ་བཅས་ལོངས་སུ་སྤྱད་ཆོག་གི་ཡོད། 2020ལོར་བསམ་གྲུབ་རྩེ་ཆུས་མི་སྤྱི་ཅུས་ཀྱིས་ངལ་ནུས་མངགས་གཏོང་སྒྲིག་གཞིར་རྩ་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་གྱི་ཁ་གསབ་སྒོར་ཁྲི་30ལྷག་ཙམ་སྤྲད་དེ། ཞིང་འབྲོག་མང་ཚོགས་ལ་ལས་ཀ་འཚོལ་བའི་ཐབས་ལམ་ཡོད་པ་མ་ཟད། ད་དུང་ཁ་གསབ་ཀྱང་ཡོད་པར་བྱས་པ་རེད།

    ངལ་རྩོལ་ཁེ་དབང་སྲུང་སྐྱོང“གནས་ཚུལ་ཐོན་རྗེས་ཐག་གཅོད”ནས“གནས་ཚུལ་མ་ཐོན་སྔོན་འགོག”བར་འགྱུར་ལྡོག་བྱུང་ཞིང་། ངལ་ནུས་ཕྱིར་གཏོང་གི་ལས་དོན་མ་སྤེལ་གོང་། བསམ་གྲུབ་རྩེ་ཆུས་མི་སྤྱི་ཅུས་ཀྱིས་གླ་པར་སྐྱོད་མཁན་མང་ཚོགས་དང་ངལ་ནུས་མངགས་གཏོང་ཀུང་སིར《ཞིང་པའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》སོགས་ངལ་རྩོལ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཤེས་བྱ་གསོ་སྦྱོང་བྱས་ཏེ། ངལ་ནུས་མངགས་གཏོང་ཀུང་སིས《ངལ་ནུས་མངགས་གཏོང་སྲོལ་ཡིག》གཞིར་བཟུང་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་དོན་སྤེལ་ནས་ཞིང་འབྲོག་མང་ཚོགས་ལ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འཕྲད་སྐབས་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད། རང་ངོས་ཀྱི་ཁྲིམས་མཐུན་རེ་ཞུ་ཐག་གཅོད་དང་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།