2021ལོའི་ཞིང་འཕྲུལ་ལ་བརྟེན་ནས་ས་སློག་རྒྱག་པའི་ལས་འགན་སྤུས་འབོར་གཉིས་ལྡན་གྱིས་ལེགས་སྒྲུབ་བྱེད་པ་དང་། གྲོང་ཁྱེར་ཡོངས་སུ་ཞིང་འཕྲུལ་ལ་བརྟེན་ནས་ས་སློག་རྒྱག་པའི་ལག་རྩལ་ཁྱབ་གདལ་བཏང་ནས་ཞིང་འཕྲུལ་ཅན་དང་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱིས་ས་སློག་གི་དུས་སྐབས་ཡག་ཤོས་དམ་འཛིན་བྱས་ཏེ། 2021ལོའི་ཞིང་འཕྲུལ་ལ་བརྟེན་ནས་ས་སློག་རྒྱག་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འཕྲུལ་ལ་བརྟེན་ནས་ས་ཞིང་མུའུ་ཁྲི་5.05ས་སློག་རྒྱག་རྩིས་ཡོད་པ་དང་། མིག་སྔའི་བར་ཞིང་འཕྲུལ་ཡོ་ཆས་15ཡིས་མུའུ་ཁྲི་1.365ས་སློག་བརྒྱབ་པ་དེས་ལོ་ཧྲིལ་པོའི་ས་སློག་རྒྱག་པའི་རྒྱ་ཁྱོན་གྱི་27.03%བཟུང་ཡོད་པ་རེད།