ཉེ་དུས་རང་སྐྱོང་ལྗོངས་ཞིང་ལས་ཚན་རྩལ་ཁང་ཞིང་ལས་ཐོན་ཁུངས་དང་ཁོར་ཡུག་ཞིབ་འཇུག་སུའོ་ཡི་རྣམ་གྲངས་ཚོཌ་ཆུང་གིས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཐག་རིང་གྲོང་ཚོ་དང་། བཅིངས་འགྲོལ་གྲོང་ཚོ། རྒྱལ་སྨན་གྲོང་ཚོ་བཅས་སུ་ས་མཐོའི་སྐྱེ་དངོས་སྐྱེ་ལྡན་ལུད་ཐོན་སྐྱེད་བེད་སྤྱོད་དང་དཔེ་སྟོན་གྱི་རྣམ་གྲངས་ལག་ལེན་བསྟར་བ་རེད།
རྣམ་གྲངས་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་ས་རྒྱུའི་གནས་ཚུལ་ལ་བརྟག་ཞིབ་དང་འདེབས་འཛུགས་གོང་དུ་ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད། ཞིང་འབྲོག་མང་ཚོགས་ལ་སྐྱེ་དངོས་སྐྱེ་ལྡན་ལུད་བེད་སྤྱོད་བྱེད་སྟངས་དང་། ནས་སོན་དང་། ཁོར་ཡུག འདེབས་འཛུགས་བྱེད་སྟངས་བཅས་མི་འདྲ་བའི་དབར་གྱི་ནུས་ཐོན་འབྲེལ་བ། ས་ཞིང་དང་། སོན། རྨོ་འདེབས་བཅས་རྟ་སྒ་ཆ་སྒྲིག་གི་ཚན་རིག་དང་མཐུན་པའི་ས་ཞིང་འདེབས་སྟངས། འཕྲུལ་འདེབས་དང་ཚན་རིག་དང་མཐུན་པའི་ལུད་རྒྱག་སྟངས་སོགས་དེང་རབས་ཀྱི་ཞིང་ལས་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པས། མང་ཚོགས་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཞིང་འདེབས་པའི་དོན་སྙིང་གསལ་པོར་རྟོགས་པ་རེད། འདེབས་འཛུགས་བྱེད་རིང་རྣམ་གྲངས་ཚོགས་ཆུང་གིས་ད་དུང་ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་ལ་འདེབས་འཛུགས་ཀྱི་སྤུས་ཚད་ཀྱི་འགག་སྒོར་དམ་འཛིན་ཡག་པོ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།