དབུ་ཤོག>ཞིང་འབྲོག་གསར་པ།
  • དབུལ་སྒྲོལ་གྱི“དཀའ་ངལ་ཡོད་མཁན”ནས་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་སོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-21

    ཉི་མ་རྫོང་ཨ་ཟུར་ཤང་གཡའ་རོང་གྲོང་ཚོའི་མང་ཚོགས་ཨ་དར་འདི་ལོ་ལོ་50ལ་སླེབས་པ་དང་། ཁོང་གིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཁྲོད་བྱས་རྗེས་མངོན་གསལ་དོད་པོ་བཞག་པར་བརྟེན། ཉི་མ་རྫོང་གིས་ཁོང་ལ“ཕྱུག་འགྱུར་སྣེ་ཁྲིད་པའི་བྱ་དགའ”སྤྲད་པ་རེད།

    ཨ་དར་གྱིས“རང་ཉིད་ཀྱི་ནུས་པར་བརྟེན་ནས་ཡུལ་མི་ཚོ་འབྱོར་འབྲིང་ལམ་དུ་བསྐྱོད་རྒྱུར་རོགས་རམ་བྱེད་ཐུབ་སོང་བས་མི་ཚེ་སྟོང་ཟད་དུ་ཕྱིན་མ་སོང”ཞེས་བཤད།

    ཨ་དར་ལོ་ན་ཆུང་དུས་ཁྱིམ་གྱི་འཚོ་བ་ཅུང་ཡག་པོ་ཡོད། ཁྱིམ་མི་5ཡིས་ནོར་ལུག་བརྒྱ་ཕྲག་ཁ་ཤས་འཚོས་ཏེ་འཚོ་བ་མི་སྨོན་རང་སྐྱིད་ཡོད་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་གངས་ཆེན་པོ་ཞིག་བབས་ནས་ནོར་ལུག་མང་པོ་ཤི་རྨས་སུ་སོང་། ལོ་ན་མཐོ་བའི་ཨ་མ་དང་། བཟའ་ཟླ། ཕྲུ་གུ་གཉིས་བཅས་བསམ་བཞིན་ཨ་དར་ལ་དངངས་སྐྲག་ཆེན་པོ་བྱུང་ཡོད།

    “མི་གསོན་པོར་བསྡད་ཚེ་རེ་བ་ཡོད”ཅེས་ཨ་མ་སྒྲོལ་མས་ཅི་བྱ་གཏོལ་མེད་དུ་གྱུར་པའི་ཨ་དར་ལ་བཤད་ནས་སེམས་གསོ་བཏང་། 2005ལོར་མི་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད། ཨ་དར་གྱིས་དོས་སྐྱེལ་རླངས་འཁོར་བཏང་ནས་སྐྱེལ་འདྲེན་གྱི་ལས་ལ་ཞུགས། ཨ་དར་གྱིས། མ་གཞི་དཀའ་ངལ་ཆེ་མོད། འོན་ཀྱང་ནང་མི་ཚང་མ་གསོ་ཐུབ་ཀྱི་འདུག་ཅེས་གསར་འགོད་པར་བཤད།

    ཨ་དར་གྱིས་ཤེད་ཤུགས་ཁོ་ནར་བརྟེན་ནས་སྐྱེལ་འདྲེན་ལས་ཀ་བྱེད་པ་དེས་ཁྱིམ་གྱི་གནས་སྐབས་ཀྱི་དཀའ་ངལ་བསལ་ཐུབ་ཀྱང་ཕུགས་ལ་ཕན་པའི་ཐབས་ཤེས་བཟང་པོ་ཞིག་མིན་པས། ངེས་པར་དུ་ལག་ཤེས་སྣེ་གཅིག་ཤེས་ཚེ་གཞི་ནས་ཕྱུག་པོ་ཆགས་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཨ་དར་ཆུང་བྱིས་པའི་དུས་ནས་འཕྲུལ་འཁོར་ལ་དགའ་པོ་ཡོད་པར་བརྟེན། རང་ཉིད་ཀྱིས་ལོ་མང་རིང་འཚོལ་ཞིབ་བྱས་པ་བརྒྱུད། སྤྱིར་བཏང་གི་འཕྲུལ་འཁོར་ཉམས་བཟོ་བྱེད་སྟངས་ཁ་ཤས་ཤེས། གྲོང་ཚོའི་ཁྱིམ་ཚང་སུའི་སྦག་སྦག་འཕྲོ་བརླག་ཐེབས་ན་ཨ་དར་གྱིས་རང་འགུལ་ངང་བཟོ་རོགས་བྱེད་ཀྱི་ཡོད་པས“ཁ་ལོ་བ་རྒན་པ”ཞེས་ཨ་དར་གྱི་མཚན་སྙན་གང་སར་གྲགས།

    2016ལོའི་ཟླ་8པར་ཨ་དར་གྱིས་ཨ་ཟུར་ཤང་དུ་སྦག་སྦག་ཉམས་བཟོ་ཁང་ཞིག་བཙུགས་པ་དང་། ཁོང་གཞུང་དྲང་ཞིང་ལས་ཀ་ཧུར་ཐག་བྱེད་མཁན་ཞིག་ཡིན་པར་བརྟེན་ཉམས་བཟོ་ཁང་གི་ཚོང་ཧ་ཅང་ཡག་པོ་ཡོད་པས་ལོ་གཅིག་ནང་ཁེ་གཙང་ཡོང་འབབ་སྒོར་ཁྲི་4ཙམ་བྱུང་ཡོད།

    2017ལོར་དབུལ་སྐྱོར་སྡེ་ཚན་གྱི་ངོ་སྤྲོད་བརྒྱུད་ཨ་དར་ལ་ས་བླུག་འཕྲུལ་འཁོར་གཏོང་བའི་ལག་ཁྱེར་དང་། ས་འདྲུ་དང་ས་དོང་འཕྲུལ་འཁོར་གཏོང་བའི་རིམ་པ་ལྔ་པའི་ཚད་ལོན་ལག་ཁྱེར་སྔ་རྗེས་སུ་རག་ཡོད། ཤང་གི་ལས་བྱེད་པས་ད་ཆ་ཨ་དར་ནི་ཨར་ལས་བྱ་ཡུལ་གྱི“མིང་གྲགས་ཆེ་བའི”མི་སྣ་ཞིག་རེད། གཞུང་ལམ་བཟོ་བ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་སོགས་ཚང་མར་ཁོང་མཐོང་རྒྱུ་ཡོད།

    2017ལོའི་ལོ་མཇུག་ཏུ་རེ་འདུན་ཞུ་ཡིག་ཅིག་གྲོང་ཚོ་ཨུ་ལྷན་དུ་འབྱོར་ཞིང་། དེའི་ནང“ང་ནི་གཡའ་རོང་གྲོང་ཚོའི་བཙན་མ་རི་རང་བྱུང་གྲོང་ཚོའི་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། 2017ལོར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་15282.5ཟིན་ནས“སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ”གྱི་ཚད་གཞིར་སླེབས་སོང་། དེར་བརྟེན་རང་ཉིད་དབུལ་པོ་ནས་སྒྲོལ་རྒྱུའི་འདོད་མོས་ཡོད་པས། གྲོང་ཚོ་ཨུ་ལྷན་གྱིས་རང་ཉིད་ཀྱིས་བསྐྱལ་བའི་དབུལ་སྒྲོལ་རེ་འདུན་ཞུ་ཡིག་ལ་དཔྱད་ཞིབ་བྱ་རྒྱུའི་རེ་བ་ཡོད། ཨ་དར་ནས”ཞེས་འཁོད་ཡོད།

    བསོད་ནམས་ཚེ་རིང་ནི་སྔོན་མ་རྒྱབ་འདྲེ་རྒྱག་པ་དང་ཆང་རག་འཐུང་བ་སོགས་བྱས་ནས་སྐད་གྲགས་ཆོད་པའི་འཁྱམ་པོ་ཞིག་རེད། ཕོ་ལོ་30ལ་སླེབས་ལ་ཉེ་བའི་བསོད་ནམས་ཚེ་རིང་གིས་ཨ་དར་བཙལ་ནས་ཁོང་གི་ཉམས་བཟོ་ཁང་དུ་དགེ་ཕྲུག་བྱ་རྒྱུའི་རེ་བ་བཏོན། ཨ་དར་གྱིས་ཉིན་གཉིས་པར་ཁོ་པ་ཁྲིད་ནས་རླངས་འཁོར་ཉམས་བཟོ་བྱེད་པའི་ལག་རྩལ་དམར་ཁྲིད་བྱེད་འགོ་བརྩམས།

    ད་ཆ། བསོད་ནམས་ཚེ་རིང་གིས་འགྲུལ་པ་དབོར་འདྲེན་དང་རླངས་འཁོར་ཉམས་བཟོ་བྱས་ཏེ་འདས་ཟིན་པའི་འཁྱམ་པོའི་འཚོ་བ་ཡོངས་སུ་བསྐྱུར་ཡོད། ཁོ་པས“ཨ་ཁུ་ཨ་དར་ས་ནས་ངས་ཡོང་འབབ་གསོག་པའི་ལག་རྩལ་ཤེས་པ་མ་ཟད། འཚོ་བ་སྐྱེལ་སྟངས་ཀྱང་ཤེས་སོང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།