དབུ་ཤོག>ཞིང་འབྲོག་གསར་པ།
  • དབུལ་ཞྭ་ཕུད་ནས་འཚོ་བ་གསར་པ་སྐྱེལ་འགོ་བཙུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-19

    བསོད་ནམས་ཆོས་སྒྲོན་གྱི་ཁྱིམ་ཆུ་གསུམ་རྫོང་ཤག་བྱང་ཤང་ཤག་བྱང་གྲོང་ཚོའི་གཞུང་ལམ་འགྲམ་དུ་ཡོད། “ཁྱེད་ཚོའི་ཁྱིམ་གྱི་གནས་ཡུལ་ཡག་པོ་འདུག་ཀྱང་རྗེས་ལུས་འདི་འདྲ་ཐེབས་དོན་གང་ཡིན་ནམ”ཞེས་པའི་དབུལ་སྐྱོར་ལས་བྱེད་པའི་སྐད་ཆ་དེས་བསོད་ནམས་ཆོས་སྒྲོན་གྱི་སེམས་པ་ཧ་ཅང་སྐྱོ་པོ་བྱུང་།

    2016ལོར་བསོད་ནམས་ཆོས་སྒྲོན་གྱི་ཁྱིམ་ངལ་ནུས་མི་འདང་བ་དང་ལག་རྩལ་མི་འདང་བའི་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བདམས།

    བསོད་ནམས་ཆོས་སྒྲོན་ནི་ལག་རྩལ་སྣ་གཅིག་ལྡན་པའི་མི་ཞིག་རེད། ཁོ་མོས་བོད་ཐུག་ཞིམ་པོ་ཞིག་བཟོ་ཤེས་ཀྱི་ཡོད། དབུལ་སྐྱོར་ལས་བྱེད་པས་བློ་སྒོ་འབྱེད་པ་བརྒྱུད། ཁོང་ལ་ཟ་ཁང་ཞིག་འཛུགས་པའི་བློ་ཞིག་སྐྱེས། བསམ་བློ་ཞིབ་པར་བཏང་རྗེས་བསོད་ནམས་ཆོས་སྒྲོན་གྱིས་ཆ་སྒྲིག་རོགས་སྐྱོར་གྱི་འགན་འཁུར་བ་ཤག་བྱང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་སྒྲོལ་དཀར་བཙལ་ཏེ་རང་ཉིད་ཀྱི་བསམ་ཚུལ་བཤད།

    “ཁྱེད་ལ་ཟ་ཁང་འཛུགས་པའི་འདུན་པ་ཡོད་ཚེ་ངས་རོགས་པ་བྱེད་གང་ཐུབ་བྱས་ཆོག”ཅེས་བསོད་ནམས་སྒྲོལ་དཀར་གྱི་སྐད་ཆས་བསོད་ནམས་ཆོས་སྒྲོན་གྱི་ལས་གཏོད་སེམས་ཤུགས་ཆེ་རུ་ཕྱིན།

    བསོད་ནམས་སྒྲོལ་དཀར་སོགས་ཀྱི་རོགས་རམ་འོག བསོད་ནམས་ཆོས་སྒྲོན་གྱིས་དུས་བགོས་རིམ་འཇལ་གྱི་རྣམ་པར་བརྟེན་ནས་གྲོང་པ་ངག་དབང་ལྷ་མོའི་ཁྱིམ་གི་ཁང་མིག་གཅིག་ཉོས་པ་མ་ཟད། རང་ཉིད་ཀྱི་སྡོད་ཁང་ཡང་བསྐྱར་སྐྲུན་བྱས།

    ཟ་ཁང་གི་ཚོང་ཡག་པོ་དེ་འདྲ་བྱུང་བ་བསོད་ནམས་ཆོས་སྒྲོན་གྱི་བསམ་ཡུལ་ལས་འདས། 2017ལོའི་ལོ་མཇུག་ཏུ་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་སྣ་ཚོགས་དང་ཟ་ཁང་གི་ཡོང་འབབ་བསྡོམས་ན། ཁོ་མོས་ཁྱིམ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6000ལྷག་ཙམ་ཟིན་པ་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་མ་བྱས་གོང་གི་ལྡབ་གསུམ་རེད།

    ཡོང་འབབ་མང་དུ་སོང་རྗེས་བསམ་བློར་ཡང་འགྱུར་ལྡོག་ཕྱིན་ཞིང་། 2018ལོར་བསོད་ནམས་ཆོས་སྒྲོན་གྱིས་རང་འགུལ་ངང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ནས་དོན་པའི་རེ་འདུན་ཞུས།

    དབུལ་སྒྲོལ་ཐུབ་རྗེས་བསོད་ནམས་ཆོས་སྒྲོན་གྱི་སེམས་པ་ལྷོད་ལ་བབས་ཤིང་། རྒྱུན་དུ་སྐད་ཆ་ཤོད་པར་དེ་ཙམ་དགའ་པོ་མེད་པའི་ཁོ་མོའང་བློ་བག་ཡངས་པའི་མི་ཞིག་ཏུ་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།