དབུ་ཤོག>ཞིང་འབྲོག་གསར་པ།
  • དམངས་སྲིད་པུས་དམིགས་བསལ་དཀའ་ངལ་ཡོད་པའི་མིའི་རོགས་སྐྱོབ་འཚོ་སྐྱོང་ལམ་ལུགས་ཀྱི་ཁྱབ་ནུས་རང་བཞིན་ཆེ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-12

    དམིགས་བསལ་དཀའ་ངལ་ཡོད་པའི་མིའི་རོགས་སྐྱོབ་འཚོ་སྐྱོང་ལམ་ལུགས་ཀྱི་ཁྱབ་ནུས་རང་བཞིན་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར་དམངས་སྲིད་པུས《དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཏན་འཁེལ་བྱ་ཐབས》ལ་བཟོ་བཅོས་བརྒྱབ་པ་རེད།

    ད་ཐེངས་བཟོ་བཅོས་བརྒྱབ་པའི་ནང་དོན།

    “མེད་པ་གསུམ”སྟེ་ངལ་ནུས་མེད་པ་དང་། འབབ་ཁུངས་མེད་པ། ཁྲིམས་གཏན་གྱི་འོས་འགན་སྒྲུབ་མི་མེད་པའམ་ཁྲིམས་གཏན་གྱི་འོས་འགན་སྒྲུབ་མིར་འོས་འགན་སྒྲུབ་ནུས་མེད་པ་བཅས་གཏན་འཁེལ་བྱེད་པའི་ཆ་རྐྱེན་དང་འབྲེལ་བའི་ནང་གསེས་ཀྱི་དོན་ཚན་ཁག་གཅིག་ལ་གཙོ་གནད་ཐོག་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་བ་དང་།

    སྔར་ཡོད་རྨང་གཞིའི་ཐོག་རིག་པ་དང་སེམས་ཁམས་སྐྱོན་ཅན་རིམ་པ་གསུམ་པ་དང་། ལུས་པོའི་ཡན་ལག་སྐྱོན་ཅན་རིམ་པ་གཉིས་པ། མིག་ཤེད་སྐྱོན་ཅན་རིམ་པ་དང་པོ་བཅས་ངལ་རྩོལ་ནུས་ཤུགས་མེད་པའི་མིར་གསར་དུ་གཏན་འཁེལ་བྱས་པ།

    དམིགས་བསལ་དཀའ་ངལ་ཡོད་པའི་མིའི་རོགས་སྐྱོབ་འཚོ་སྐྱོང་ལམ་ལུགས་ཁྱབ་ཁོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ལོ་ཚད་དེ་ལོ་18བར་རིང་དུ་བཏང་བ།

    དེ་དང་ཆབས་ཅིག་ཏུ་ཧྲིལ་ལོ་18ཟིན་ཡང་སྔར་བཞིན་འོས་འགན་སློབ་གསོ་དང་ལེན་བྱེད་བཞིན་པའམ་མཐོ་སློབ་དཀྱུས་མ་དང་འབྲིང་རིམ་ཆེད་ལས་ལས་རིགས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་རོགས་སྐྱོབ་འཚོ་སྐྱོང་གི་ཐོབ་ཐང་མུ་མཐུད་ལོངས་སུ་སྤྱོད་ཆོག་པའི་གཏན་འབེབས་ཀྱང་བྱས་ཡོད།

    2020ལོའི་ལོ་མཇུག་བར།

    རྒྱལ་ཡོངས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁྲི་477.6ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།