དབུ་ཤོག>ཞིང་འབྲོག་གསར་པ།
  • ཁ་ལོ་བའི་ཡིག་རྒྱུགས་གཉིས་པའི་རྣམ་གྲངས་ཉུང་དུ་གཏོང་རྩིས་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-11

    ཚེས་10ཉིན། སྤྱི་བདེ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས“གློག་རྡུལ་གྱི་ཁ་ལོ་བའི་ལག་ཁྱེར་ཚོད་ལྟའི་ངང་སྤྲོད་པ་དང་། རང་འགུལ་གདང་རིམ་རླངས་འཁོར་གྱི་ཁ་ལོ་བའི་ཡིག་རྒྱུགས་གཉིས་པའི་རྣམ་གྲངས་4བར་ཉུང་དུ་གཏོང་བ”སོགས་ཀྱི་དམངས་ཕན་བྱེད་ཐབས་12ཡོངས་བསྒྲགས་བྱས་པ་རེད།    

    འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གློག་རྡུལ་ཅན་དུ་འགྱུར་བར་ཚོད་ལྟ་བྱ་རྒྱུ།  

    ཟླ་6ཚེས་1ཉིན་ནས་བཟུང་ཐེན་ཅིན་དང་། ཁྲེང་ཏུའུ། སུའུ་ཀྲོའུ་བཅས་གྲོང་ཁྱེར་གསུམ་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གློག་རྡུལ་ཅན་དུ་འགྱུར་བ་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད། གློག་རྡུལ་གྱི་ཁ་ལོ་བའི་ལག་ཁྱེར་དེ་རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་གློག་རྡུལ་ལག་ཁྱེར་མ་ལག་ནས་ཐོན་གྱི་ཡོད་པ་དང་། ཁ་ལོ་བའི་ལག་ཁྱེར་གྱི་ཆ་འཕྲིན་དྲ་བ་ནས་ལྟ་ཐུབ་པས། ཞིབ་བཤེར་དང་།    སྟོན་པ། ཞིབ་དཔྱད་བཅས་ལ་སྟབས་བདེ་བསྐྲུན་ཡོད།

    ད་ལོའི་ལོ་སྨད་དུ་ས་ཆ་ཁག་གཅིག་བདམས་ནས་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་རྒྱུ་དང་། 2022ལོར་རྒྱལ་ཡོངས་ཁྱོན་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད་འདུག

    ཁ་ལོ་བའི་ཡིག་རྒྱུགས་ལ་འགྱུར་ལྡོག་གསར་པ་བྱུང་བ།  

    ཟླ་6ཚེས་1ཉིན་ནས་བཟུང་། རང་འགུལ་གདང་རིམ་འཇིབ་ཆུང་གི་ཁ་ལོ་བའི་ཡིག་རྒྱུགས་གཉིས་པའི་ནང་གི“གྱེན་ལམ་གྱི་གནས་གཏན་འཁེལ་དུ་རླངས་འཁོར་ཁ་འགོག་པ་དང་གཏོང་བའི”རྣམ་གྲངས་མེད་པར་བཟོ་རྒྱུ་ཡིན་པ་རེད།    

    ཁ་ལོ་བའི་ཡིག་རྒྱུགས་གསུམ་པ་གཏོང་བའི་དུས་ཚོད་དེ་ཡིག་རྒྱུགས་དང་པོ་འཕྲོད་རྗེས་ཀྱི་ཉིན་20སོང་རྗེས་གཏོང་ཆོག་གི་འདུག  

    འགྲུལ་སྐྱེལ་རླངས་འཁོར་དང་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གཏོང་ཆོག་པའི་ལག་ཁྱེར་གྱི་རིམ་པ་སྤོར་འདོད་ཡོད་མཁན་ཚོས་ཡིག་རྒྱུགས་གསུམ་པ་གཏོང་བའི་དུས་ཚོད་དེ་ཡིག་རྒྱུགས་དང་པོ་འཕྲོད་རྗེས་ཀྱི་ཉིན་30སོང་རྗེས་གཏོང་ཆོག་གི་འདུག

    微信图片_20210511110615.jpg

    ཁ་ལོ་བའི་ཡིག་རྒྱུགས་གཉིས་པ་གཏོང་ཡུལ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།