ཉེ་དུས་ས་སྐྱ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ས་སྐྱ་རྫོང་ཨུད་རྩ་འཛུགས་པུའུ་དང་རྫོང་ཨུད་ཏང་གི་སློབ་གྲྭ་དང་མཉམ་དུ། གསར་དུ་བདམས་ཐོན་བྱུང་བའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་45སྒྲིག་འཛུཌ་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་གསོ་སྦྱོང་བྱས་པ་རེད།
གསོ་སྦྱོང་མཇུག་འགྲིལ་རྗེས་སློབ་མ་ཚོས་གསོ་སྦྱོང་ཐོག་གི་མཐོང་ཐོས་དང་སྦྱངས་པའི་ནང་དོན་དེ་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་གཞི་རིམ་གྱི་ལས་དོན་དང་མཉམ་འདྲེས། ཤེས་དཔལ་ལག་ལེན་བྱེད་སྒོ་རྒྱ་ཁྱབ་སྤེལ་བ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་སུའོ)འཛུགས་སྐྲུན་གྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བཅས་བྱས་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་ཐུན་མོང་ཐོག་བསྐྲུན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།