དབུ་ཤོག>ཞིང་འབྲོག་གསར་པ།
  • 2021ལོའི་ལྷོ་ཁའི་གྲོང་གསེབ་ཡུལ་སྐོར་ཐོན་རྫས་ཀྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-28

     ཉེ་ཆར། གསར་འགོད་པར་2021ལོའི་ལྷོ་ཁའི་དཔྱིད་དུས་ཀྱི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་ཐོན་རྫས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་460ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་18.5བྱུང་བ་དང་། ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་2019ལོའི་དུས་མཚུངས་ཀྱི་ཆུ་ཚད་དུ་གཞི་རྩའི་ཆ་ནས་སླར་གསོ་བྱུང་སྟེ་ལྷོ་ཁའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་མི་མངོན་པའི་ནུས་པ་གང་ལེགས་མངོན་ཡོད་པ་རེད།

    འོས་སྦྱོར་ཚོགས་འདུའི་ཐོག་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་2021ལོའི་ལོ་འཁོར་གྱི་ཡུལ་སྐོར་གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས་པ་མ་ཟད། ཡུལ་སྐོར་ལས་དོན་ཁང་གི་འཐུས་མི་དང་རེས་སྐོར་གསར་པའི་མཉམ་འབྲེལ་བྲིན་ཚོང་མཉམ་ལས་ཀྱི་གྲོས་མཐུན་ཡང་བཞག་པ་རེད། དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་2020ལོའི་ལོ་འཁོར་གྱི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྲིད་ཇུས་ཁ་གསབ་སྒོར་ཁྲི་153སྤྲད་པ་དང་། ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་བོད་ལྗོངས་ཁྲོ་ཧེང་མཉམ་འབྲེལ་ཡུལ་སྐོར་ཚད་ཡོད་ཀུང་སིར་2020ལོའི་ལོ་འཁོར་གྱི་ཡུལ་སྐོར་ལས་དོན་ཁང་གི་ཁ་གསབ་བྱ་དགའི་དངུལ་སྒོར་ཁྲི་37སྤྲད་པ། སྣེ་གདོང་ཆུས་དང་འཕྱོངས་རྒྱས་རྫོང་མི་དམངས་སྲིད་གཞུང་གིས་བོད་ལྗོངས་ཁྲོ་ཧེང་མཉམ་འབྲེལ་ཡུལ་སྐོར་ཚད་ཡོད་ཀུང་སིས་བཀྲ་ཤིས་ཆོས་ལྡན་དང་བྱམས་ཆེན་གྲོང་ཚོར་2020ལོའི་ལོ་འཁོར་གྱི་ཡུལ་སྐོར་ལས་དོན་ཁང་གི་ཚོགས་པའི་བྱ་དགའི་དངུལ་ཁྱོན་སྒོར་ཁྲི་22སྤྲད་པ། ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་བོད་ལྗོངས་ཁྲོ་ཧེང་མཉམ་འབྲེལ་ཡུལ་སྐོར་ཚད་ཡོད་ཀུང་སིར་ལྷོ་ཁའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ལེགས་སྐྱེས་བྱ་དགའི་དངུལ་སྒོར་ཁྲི་3སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།