དབུ་ཤོག>ཞིང་འབྲོག་གསར་པ།
  • དབང་པོ་སྐྱོན་ཅན་ཚོར་གཏམ་བཟང་ཞིག་ཞུ་རྒྱུ་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-04-20

    ཟླ་4ཚེས་1ཉིན། དམངས་སྲིད་པུའུ་གཞུང་དོན་ཐིང་དང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཞུང་དོན་ཐིང་གིས《ཁྱོན་ཡོངས་ནས་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས་ཀྱི་ཐོབ་ཐང་ངོས་འཛིན་གྱི་རེ་ཞུ“ཞིང་ཆེན་བསྒྲལ་ནས་གཉེར་བའི”སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། བརྡ་ཐོའི་ནང་ཁ་གསབ་ཁག་གཉིས་ཀྱི་ཐོབ་ཐང་ངོས་འཛིན་གྱི་རེ་ཞུ“ཞིང་ཆེན་བསྒྲལ་ནས་གཉེར་བའི”ལས་དོན་དེ་ཟླ་4ཚེས་15ཉིན་ཚོད་ལྟ་བྱ་རྒྱུ་དང་ཚེས་22ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།

    ཟླ་4ཚེས་16ཉིན། གསར་འགོད་པས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། བརྡ་ཐོ་འདི་རང་ལྗོངས་སུ་རྒྱལ་ཡོངས་དང་དུས་གཅིག་ཏུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཟླ་4ཚེས་22ཉིན་ནས་བཟུང་། དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས་ས་ཆ་གང་རུང་ནས་རེ་ཞུ་དང་། ཐེམ་ཐོ་གནས་ཡུལ་ནས་ཞིབ་དཔྱད་བྱས་རྗེས་སྤྲོད་ཀྱི་ཡོད། དེའང་རེ་ཞུ་བྱེད་མཁན་གྱིས་ཐོབ་ཐང་ལག་ཁྱེར་དང་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་སོགས་རེ་ཞུར་མཁོ་བའི་དཔྱད་གཞི་ཁྱེར་ནས་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་ཁྲོམ་གཞུང་དོན་གཅོད་ཁང་ངམ་ཡང་ན་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་བཙུགས་པའི་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཁག་གཉིས་བདག་སྤྲོད་བྱེད་སའི་སྐར་ཁུང་ནས་ལེན་ཆོག་པ་དང་། ཐེམ་ཁུངས་གང་དུ་ཡོད་མེད་ལ་ལྟ་མི་དགོས། ཁ་གསབ་ཀྱི་ཐོབ་ཐང་ཞིབ་དཔྱད་ཚད་ལོན་པ་རྣམས་ལ་རེ་ཞུ་ཕུལ་བའི་ཟླ་དེར་ཐེམ་ཐོ་གནས་ཡུལ་གྱིས་ཁ་གསབ་སྤྲོད་ཀྱི་ཡོད།

    ལས་དོན་དེས་དབང་པོ་སྐྱོན་ཅན་མང་ཚོགས་ཀྱིས་ཡུལ་གཞན་ནས་ཁ་གསབ་རེ་ཞུ་བྱེད་པ་དང་ལེན་སྐབས་ཕར་རྒྱུག་ཚུར་རྒྱུག་བྱེད་པ་སོགས་ཀྱི་དཀའ་གནད་རིམ་བཞིན་ཐག་གཅོད་ཐུབ་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།