དབུ་ཤོག>ཞིང་འབྲོག་གསར་པ།
  • སྤར་འདུག ཁོང་རྣམ་པའི་དངུལ་འདི་སྤར་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-04-18

    ད་ལོ་ཡང་རྒན་ཡོལ་ཞུས་པ་རྣམས་ཀྱི་རྒན་གསོའི་དངུལ་མུ་མཐུད་སྤར་འདུག དེ་ཡང་ཉིན་ཤས་གོང་མི་སྤྱི་པུའུ་དང་ནོར་སྲིད་པུས《རྒན་ཡོལ་ཞུས་པ་རྣམས་ཀྱི་2021ལོའི་གཞི་རྩའི་རྒན་གསོའི་དངུལ་སྤོར་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ནས།  2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 2020ལོའི་ལོ་མཇུག་གོང་གཏན་འབེབས་ལྟར་རྒན་ཡོལ་ཞུ་བའི་འགྲོ་ལུགས་གཉེར་བ་མ་ཟད། ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་དངུལ་ལེན་མཁན་གྱི་ཁེ་ལས་དང་། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཁ་གསལ་བཏོན་ཞིང་། མཐོ་རུ་གཏོང་བའི་སྤྱིའི་ཚད་གཞི་ནི་2020ལོའི་རྒན་ཡོལ་ཞུས་པའི་མི་རེའི་ཟླ་རེའི་ཆ་སྙོམས་གཞི་རྩའི་རྒན་གསོའི་དངུལ་གྱི་4.5%ཡིན་པ་རེད། འདི་ནི་རྒྱལ་ཁབ་ཀྱིས་2005ལོ་ཚུན་དུ་ཁེ་ལས་ཀྱི་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་བསྟུད་མར་སྤར་བའི་ལོ་བཅུ་བདུན་པ་དེ་ཡིན་པ་དང་། སྔོན་དཔག་བྱས་ན་རྒན་ཡོལ་ཞུ་མཁན་དུང་ཕྱུར་1.2ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད་འདུག

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།