དབུ་ཤོག>ཞིང་འབྲོག་གསར་པ།
  • ཟླ་བཞི་པར་གཏན་འབེབས་གསར་པས་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-08

    རྒན་རྒོན་གྱི་མཐའ་མཚམས་འགྲོ་འོང་གི་ལག་ཁྱེར་གྱི་འགྲོ་ལུགས་གཉེར་བདེ་རུ་བཏང་བ།

    ཟླ་4ཚེས་1ཉིན་ནས་བཟུང་། རྒན་རྒོན་གྱིས་མཐའ་མཚམས་འགྲོ་འོང་ལག་ཁྱེར་འགྲོ་ལུགས་གཉེར་བདེ་ཡོང་བའི་བྱ་ཐབས་གསར་པ་དྲུག་ལག་ལེན་བསྟར་བ།

    འགྲུལ་སྐྱེལ་རླངས་འཁོར་ཆུང་ངུ་བོགས་མར་གཏོང་མཁན་གྱིས་རླངས་འཁོར་བོགས་མར་གཏོང་བ་དང་མཉམ་དུ་ཁ་ལོ་བ་གཏོང་བའི་ཞབས་འདེགས་ཞུ་མི་ཆོག་པ།

    མིག་སྔར་རང་རྒྱལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་ངུ་བོགས་གཏོང་ལས་གཉེར་གྱི་དོ་དམ་ཚད་ལྡན་མེད་པ་དང་། བོགས་མར་ལེན་མཁན་གྱི་ཁེ་དབང་སྲུང་སྐྱོང་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས། ཟླ་4ཚེས་1ཉིན་ནས་བཟུང《འགྲུལ་སྐྱེལ་རླངས་འཁོར་ཆུང་ངུ་བོགས་གཏོང་གཉེར་སྐྱོང་ཞབས་འདེགས་དོ་དམ་བྱེད་ཐབས》ལག་ལེན་བསྟར་ནས་ལས་སྒོ་འདི་རིགས་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་བ།

    རྒྱལ་ཁབ་ཀྱི་གུན་གསབ་གྱོད་གཞིར་སེམས་ལ་ཕོག་ཐུག་བཏང་བའི་གུན་གསབ་ཀྱི་ཚད་གཞི་ཁ་གསལ་བཏོན་པ།

    《རྒྱལ་ཁབ་ཀྱི་གུན་གསབ་གྱོད་གཞི་བདག་སྤྲོད་བྱེད་པའི་ནང་སེམས་ལ་ཕོག་ཐུག་བཏང་བའི་གུན་གསབ་ཀྱི་འགན་འཁྲི་སྤྱོད་འཐུས་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་གཏན་འཁེལ་བྱེད་རྒྱུའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགྲེལ་བཤད》ཟླ་4ཚེས་1ཉིན་ནས་ལག་ལེན་བསྟར་ནས། རྒྱལ་ཁབ་ཀྱི་གུན་གསབ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་སྤྱོད་འཐུས་ཡག་པོ་ཡོང་བར་སྐུལ་འདེད་བཏང་སྟེ། སེམས་ལ་ཕོག་ཐུག་བཏང་བའི་གུན་གསབ་འགན་འཁྲི་གཏན་འཁེལ་ལུགས་མཐུན་ཡོང་བར་བྱས་པ།

    རྒྱལ་ཁབ་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ལ་སླར་ཡང་བཅའ་ཁྲིམས་ཀྱིས་འགན་སྲུང་བྱེད་པ།

    《སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་སྲོལ་ཡིག》དེ་ཟླ་4ཚེས་1ཉིན་ནས་ལག་ལེན་བསྟར་བ་དང་། དེར་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་སྟངས་གཏན་འཁེལ་བྱས་ཡོད།

    སྲིད་འཛིན་གྱོད་གཞི་རིགས་བདུན་ལ་ཆེས་མཐོའི་ཁྲིམས་ཁང་གིས་ཁྲུན་གཅོད་བསྐྱར་འདྲི་བྱ་རྒྱུ་ཡིན་པ།

    ཟླ་4ཚེས་1ཉིན་ནས་བཟུང《སྲིད་འཛིན་གྱི་འདུན་ཞུ་སྒྲུབ་གཉེར་བྱས་ནས་གྱོད་གཞིར་ཡང་བསྐྱར་འདྲི་གཅོད་བྱེད་རྒྱུའི་གནད་དོན་འགའ་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས》ལག་ལེན་བསྟར་བའི་ནང་གནས་ཚུལ་རིགས་བདུན་ཁ་གསལ་འཁོད་ཡོད།

    དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་ཐེབས་རྩའི་གྲོན་དངུལ་བསྡུ་བའི་ཚད་གཞི་དམའ་རུ་བཏང་བ།

    ནོར་སྲིད་པུའི་སྤྱི་བསྒྲགས་ལ་གཞིགས་ན། ཁེ་ལས་ཀྱི་མ་གནས་སྔར་བས་དམའ་རུ་གཏོང་བ་དང་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་ཆེད། ཟླ་4ཚེས་1ཉིན་ནས་བཟུང་། དམངས་སྤྱོད་མཁའ་འགྲུལ་ཀུང་སིས་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་ཐེབས་རྩའི་གྲོན་དངུལ་འཇལ་བའི་ཚད་གཞི《སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་ཁག་གཅིག་གི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་ནོར་སྲིད་པུའི་བརྡ་ཐོ》ལྟར་50%དམའ་རུ་གཏོང་བའི་རྨང་གཞིའི་ཐོག་སླར་ཡང་20%གཅོག་རྒྱུ་ཡིན་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།