དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱིས་ཞིང་ལས་ཀྱི་སོན་བཟང་ཐོན་ཁུངས་ཡོངས་བཤེར་གྱི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-27

     ཚེས་23ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཞིང་ལས་ཀྱི་སོན་བཟང་ཐོན་ཁུངས་ཡོངས་བཤེར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ། བྱེད་ཐབས་ནུས་ལྡན་མཐའ་གཅིག་ཏུ་སྤྱོད་པ། ཞིང་ལས་ཀྱི་སོན་བཟང་ཐོན་ཁུངས་ཡོངས་བཤེར་དང་སྲུང་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ། འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བའི་སོན་བཟང་ཐོན་ཁུངས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་འདེབས་འཛུགས་ལས་རིགས་སླར་གསོ་ཡོང་བར་འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་དང་ཆབས་ཅིག་ཉེ་དུས་ཀྱི་རང་ལྗོངས་ཀྱི་ཞིང་ལས་སོན་བཟང་ཐོན་ཁུངས་ཡོངས་བཤེར་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། བོད་ཀྱི་རང་བྱུང་སྐྱེ་ཁམས་དངོས་རིགས་ཐོན་ཁུངས་ཀྱི་ཁོར་ཡུག་ཕུན་སུམ་ཚོགས་པས། འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་ཚན་ཞིབ་ཚན་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཞིབ་འཇུག་གི་གྲུབ་འབྲས་ལ་སྦྲེལ་མཐུད་ནུས་ལྡན་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་སོན་བཟང་ཐོན་ཁུངས་ཀྱི་ཡོངས་བཤེར་ལས་དོན་ཕྱོགས་ཡོངས་ནས་ཏན་ཏིག་སྤེལ་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཁར་ལག་ལེན་དུ་འཁྱོལ་ཐུབ་པའི་སོན་བཟང་ཐོན་ཁུངས་ཀྱི་ཡོངས་བཤེར་ཇུས་གཞི་བཟོས་ནས་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་འབུལ་འོས་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།