དབུ་ཤོག>ཞིང་འབྲོག་གསར་པ།
  • ཀྲི་པུའུ་འཇོན་ཐང་ལྷག་པར་ཆེ། ཞིང་དུད་ཡོང་འབབ་གསོག་ལ་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-24

    ཞིང་ཆེན་ལམ་204རྒྱུད་དུ་གནས་པའི་གམ་པ་རྫོང་ལུང་རོང་ཤང་གོག་ཚོ་གྲོང་ཚོར་ཁོད་སྙོམས་ཤིང་གཙང་བའི་ཨར་འདམ་ལམ་བསྐྲུན་ཡོད་ལ། གཞི་ཁྱོན་ཅན་གྱི་གསོ་ཚགས་རྟེན་གཞི་གྲལ་འགྲིག་པོར་གནས་པ་དང་གྲོང་མི་ཚོས་ཐོན་ལས་གསར་པར་གཞོལ་ནས་དགའ་སྤྲོའི་ངང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིས།

    ས་གནས་དེ་གའི་གྲོང་ཚོའི་ལས་བྱེད་པས་སྔོན་ཆད་ཀྱི་གོག་ཚོ་གྲོང་ཚོ་ནི“བཙོག་ཟིང་ཞན”གསུམ་གྱི་གྲོང་ཚོ་ཡིན་པ་དང་ད་ལྟ“ཕྱུག་མཛེས་མར”གྱུར་ཡོད་ཅེས་བརྗོད།

    ས་གནས་དེ་གའི་གྲོང་མི་ཚོར་འགྱུར་ལྡོག་གི་སྐོར་འདྲི་སྐབས་ཁོང་ཚོས་རྟག་ཏུ“དངུལ་དང་དངོས་ཟོག་སྤྲོད་པ་ལས་ཀྲི་པུའུ་ཡག་པོ་ཞིག་ཡོད་ན་ལེགས”ཞེས་བརྗོད་ཀྱི་ཡོད།

    གོག་ཚོ་གྲོང་ཚོའི་ས་བབ་ཡག་པོ་ཡོད་རུང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་མང་ཆེ་བའི་རིག་གནས་ཆུ་ཚད་དམའ་བ་དང་། ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་གྱི་ནུས་པ་མི་འདང་བ། མང་ཚོགས་སྣེ་ཁྲིད་ཀྱིས་ཕྱུག་པོར་འགྱུར་བའི་འཇོན་ཐང་མེད་པ་བཅས་ལས་2018ལོར་གོག་ཚོ་གྲོང་ཚོའི་ཏང་ཀྲི་པུའུ་འདི་ཉིད་གམ་པ་རྫོང་གིས་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་ཀྱི་ཁོངས་སུ་བཅུག

    ལས་ཀའི་ལམ་སྲོལ་འཛུགས་པ་དང་། གྲོང་ཚོའི་ཏང་ཀྲི་པུའུ་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་དམ་འཛིན། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས། གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་སོགས་ཐད་ནུས་ཤུཌ་ཡོད་རྒུས་ལེགས་སྒྲིག་བྱས་པས་དུས་ཐུང་ལོ་གཅིག་ལྷག་ཙམ་ནང་གོག་ཚོ་གྲོང་ཚོར“ངོ་བོའི་རང་བཞིན་གྱི་འགྱུར་ལྡོག”བྱུང་ཡོད།

    དོན་དངོས་ཐོག་གོག་ཚོ་གྲོང་ཚོའི་འགྱུར་ལྡོག་ནི་རང་ལྗོངས་ཀྱིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་དང་མང་ཚོགས་དབུལ་པོ་སྣེ་ཁྲིད་ཀྱིས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་པའི་དཔེ་མཚོན་ཞིག་རེད།

    མིག་སྔར་རང་ལྗོངས་ཀྱིས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་5173ལ་དག་ཐེར་བྱེད་པའི་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)92.7%ལ་མཉམ་སྡེབ་དཔལ་འབྱོར་ཡོད་པ་དང་། གྲོང་ཚོ(གྲོང་ལྷན)ཡི་ཏང་རྩ་འཛུགས་ལ་ལས་སྒྲུབ་དངུལ་ཡོད་པ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་མཁར་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་འགྱུར་བར་བྱས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྩ་འཛུགས་ཁྲུའུ་གསུམ་པའི་འགན་འཁུར་བས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྩ་འཛུགས་ཁྲུའུ་གསུམ་པས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་དང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོས་ས་ཚིགས་སོགས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་མཐའ་འཁྱོངས་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་ཁག་གཅིག་གི་གཞི་རིམ་ཏང་རྩ་འཛུགས་བཀོད་སྒྲིག་ཐད་ཀྱི“ཁུག་ཆ”ནུས་ཤུགས་ཡོད་རྒུས་བསལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སུ་ཏང་རྩ་འཛུགས་དང་ཏང་གི་ལས་དོན་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།

    མིག་སྔར། ཁྲུའུ་དེས་གྲོང་མིའི་ཚོགས་ཆུང་དང་། དབྱར་རྩྭ་དགུན་འབུ་འཐུ་ཡུལ། ཕྱུགས་འཚོ་ས་སོགས་སུ་ཏང་རྩ་འཛུགས་ཁྲི་4.8ལྷག་ཙམ་བཙུགས་པ་དང་། ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་ཏང་རྩ་འཛུགས་273བཙུགས་པ། མཐའ་མཚམས་རྫོང་21ལ“མཉམ་སྐྲུན་ལྔ་དང་སྲ་བརྟན་ལྔ”ཡི་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཆ་འགྲིག་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་གང་དུ་དབུལ་སྒྲོལ་འགག་སྒྲོལ་བྱས་ཚེ་དེ་གར་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག་ཁྲུའུ་དེས་གྲོང་ཚོ(གྲོང་ལྷན)ཡི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ལྷག་པར་དུ་སྣེ་ཁྲིད་པ་ལེགས་འདེམས་ཧྲག་སྒྲིག་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་འཛིན་ནས་སྤུས་ཚད་མཐོ་བའི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་ཅིག་བཏོད་ཡོད།

    —— ལས་ཞུགས་བྱེད་མྱོང་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་ཕུལ་བྱུང་དམག་མི། ཕ་ཡུལ་དུ་ལོག་པའི་ཕྱུག་འགྱུར་འཇོན་ཐང་ཅན་སོགས་ཀྱི་ཁྲོད་ནས་གྲོང་ཚོ(གྲོང་ལྷན)ཡི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་8000ལྷག་ཙམ་འོས་འདེམས་ཀྱིས་ཚན་ཁག་གི་ཁོངས་མི་ཚང་མ་ཏང་ཡོན་ཡིན་པ་བྱས་ཡོད།

    —— གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི(མི་5400ལྷག་ཙམ་གསོ་སྦྱོང་བྱས་ཟིན་པ)ལྗོངས་ཕྱིར་རེས་སྐོར་གསོ་སྦྱོང་དུ་སྐྱོད་པའི་འཆར་གཞི་དང་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་གསོ་གསོ་སྦྱོང(ཁྱོན་གསོ་སྦྱོང་ཐེངས་19721དང་མི་ཐེངས་452316ལ་གསོ་སྦྱོང་བྱས་པ)ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་ཚོ(གྲོང་ལྷན)ཡི་ལས་བྱེད་པའི་ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་ནུས་ལྡན་སོང་ཡོད།

    —— གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་ཀའི་གྲོན་དངུལ་བསྟུད་མར་མཐོ་རུ་བཏང་སྟེ་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་འགྲོ་སོང་རྩིས་ཞུའི་ཐོབ་ཐང་སྟབས་བསྟུན་ཆེར་གཏོང་ལམ་སྲོལ་དོན་འཁྱོལ་དང་། མ་དངུལ་སྒོར་དུང་ཕྱུར་62.95བཏང་སྟེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་པ། “མང་ཚོགས་ཀྱི་བྱེད་སྒོའི་ཉིན་མོ”འཚོལ་ཞིབ་བྱས་ཏེ་སྤེལ་བ་བཅས་བྱས་ནས་གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་མཐུན་སྒྲིལ་ཞབས་ཞུ་བྱེད་པའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད།

    —— ཧྲུའུ་ཅི་དང་པོ་ཁྲི་1.6ལྷག་ཙམ་འདེམས་གཏོང་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པ་6326བསྡུས(གསབ)ནས་གྲོང་ཚོར(གྲོང་ལྷན)ལས་ཀ་བྱེད་པར་མངགས་ཏེ་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཀྱིས་མང་ཚོགས་ཚོར་སྲིད་ཇུས་སྒྲོག་འགྲེལ་དང་། རྩལ་ནུས་གསོ་སྦྱོང་། ངལ་ནུས་ཕྱིར་གཏོང་སོགས་ཀྱི་ལས་དོན་ཡག་པོ་སྤེལ་རོགས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།