ཉེ་དུས་གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་དཔྱིད་འདེབས་མུའུ་ཁྲི་57.6བྱེད་རྩིས་ཡོད་པ་དང་། རྫས་ལུད་ཏུན་7816.5སྤྱོད་རྩིས་ཡོད་པ། དཔྱིད་འདེབས་འབྲུ་རིགས་ལོ་ཏོག་ལ་ས་བོན་རྒྱ་མ་ཁྲི་1062(དེའི་ནང་ནས་ཀྱི་ས་བོན་རྒྱ་མ་ཁྲི་930མཁོ་གི་ཡོད་པ)མཁོ་གི་ཡོད་པ་བཅས་རེད། འདི་ལོའི་དཔྱིད་རྨོད་དཔྱིད་འདེབས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་རྫས་ལུད་སྐོང་འདྲེན་དང་། ཞིང་སྨན་ཉོ་སྒྲུབ། སོན་བཟང་སྙོམ་སྒྲིག་སོགས་ཀྱི་བྱེད་ཐབས་བརྒྱུད་དམིགས་ཚད་བདེ་བླག་ངང་འགན་ལེན་ཐུབ་པ་བྱ་རྒྱུ་རེད།