ཟླ་3ཚེས་16ཉིན་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་སོགས་ཀྱི་གྲོང་གསེབ་ཏུ་དཔྱིད་རྨོད་དཔྱིད་འདེབས་འགོ་ཚུགས་ཡོད། ས་ཁུལ་ཁག་གི་གྲོང་གསེབ་ཏུ་སྲོལ་རྒྱུན་བཞིན་གཟབ་མཆོར་སྤྲས་པ་དང་མཆོད་ཆང་འཁྱེར་ནས་ཞིང་ནང་དང་མུ་ཁར་གཉའ་གཅོག་གི་མཛད་སྒོ་གཉེར་ཡོད།
2020ལོར་བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་103ཟིན་པའི་ཁྲོད་ནས་ཀྱི་ཐོན་འབབ་ཏུན་ཁྲི་83ཟིན་ཞིང་། དེ་ནི་བོད་ཀྱི་འབྲུ་རིགས་ཐོན་སྐྱེད་བསྟུད་མར་ལོ་6རིང་ཏུན་ཁྲི་100ཡན་རྒྱུན་འཁྱོངས་ཐུབ་པ་དང་། དེའི་ཁྲོད་འབྲུ་རིགས་གཙོ་བོ་ནས་ཀྱི་མཁོ་སྤྲོད་གཞི་རྩའི་ཆར་རང་ཁ་རང་གསོ་བྱུང་ཡོད།

འདི་ནི་ལོ་2ལ་སླེབས་པའི་བུ་མོ་བསྟན་འཛིན་གསལ་སྒྲོན་གྱིས་གཉའ་གཅོག་གི་མཛད་སྒོའི་ཐོག་ཕྱེ་མར་ཟ་བཞིན་པ།