དབུ་ཤོག>ཞིང་འབྲོག་གསར་པ།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དར་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-25

    ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དར་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    《བརྡ་ཐོའི》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། གྲོང་གསེབ་ཀྱི་མི་ཤུགས་མ་རྩ་གསར་སྤེལ་བྱ་རྒྱུ་གནས་བབ་ཨང་དང་པོར་འཇོག་པ། ཡུལ་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན། གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་གཤམ་སྐྱོད་བྱ་རྒྱུར་ཁྲིད་སྟོན། ཆེད་ལས་ཤེས་ལྡན་མི་སྣས་གྲོང་གསེབ་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད། རིགས་ཁག་གི་ཤེས་ལྡན་མི་སྣས་གྲོང་གསེབ་དར་རྒྱས་ཁྲོད་བྱས་རྗེས་འཇོག་རྒྱུར་ཁྲིད་སྟོན་བཅས་བྱས་ནས་ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་ཞེན། ཞིང་པར་དགའ་ཞེན་བཅས་ཀྱི“ཞིང་གསུམ”ལས་དོན་གྱི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས་གཏོད་དགོས།

    《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། 2025ལོར་སླེབས་སྐབས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་གཏོང་བའི་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་ཅིག་གཞི་རྩའི་ཆ་ནས་གྲུབ་པར་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་ཁྱབ་ཁོངས་ཁག་གི་ཤེས་ལྡན་མི་སྣའི་གཞི་ཁྱོན་རྒྱུན་ཆད་མེད་པ་སྟོབས་ཆེར་གཏོང་བ་དང་། བྱང་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ། གྲུབ་ཆ་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཁར། རིགས་ཁག་གི་ཤེས་ལྡན་མི་སྣ་གྲོང་གསེབ་ལ་ཞབས་འདེགས་ཞུ་རྒྱུར་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཞིག་གཞི་རྩའི་ཆ་ནས་ཆགས་པར་བྱས་ཏེ། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་གཞི་རྩའི་དགོས་མཁོ་རགས་ཙམ་སྐོང་དགོས།

    《བརྡ་ཐོའི》ནང་གཏན་ལ་ཕབ་པའི་ལས་ཀའི་རྩ་དོན་ནི། ཏང་གིས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་གསོ་སྐྱོང་དང་རིགས་དབྱེ་ཇུས་བསྟར་མཐའ་འཁྱོངས། བྱེད་པོ་སྣ་མང་དང་ལས་བགོས་གཞོགས་འདེགས་མཐའ་འཁྱོངས། ནུས་རྩལ་ཁྱད་འཕགས་ཅན་རྒྱ་ཁྱབ་ངང་བསྡུ་བ་དང་ཕན་ཆེའི་ངང་ཤེས་ལྡན་མི་སྣ་སྤྱོད་རྒྱུ་མཐའ་འཁྱོངས། ལམ་སྲོལ་འཐུས་སྒོ་ཚང་དུ་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།

    《བརྡ་ཐོའི》ནང་། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་གི་ཤེས་ལྡན་མི་སྣ་གང་མགྱོགས་གསོ་སྐྱོང་དང་། གྲོང་གསེབ་ཀྱི་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་གཏོང་མཁན་གྱི་ཤེས་ལྡན་མི་སྣ་གང་མགྱོགས་གསོ་སྐྱོང་། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ཤེས་ལྡན་མི་སྣ་གང་མགྱོགས་གསོ་སྐྱོང་། གྲོང་གསེབ་བཅོས་སྐྱོང་གི་ཤེས་ལྡན་མི་སྣ་གང་མགྱོགས་གསོ་སྐྱོང་། ཞིང་ལས་དང་གྲོང་གསེབ་ཀྱི་ཚན་རྩལ་ཤེས་ལྡན་མི་སྣ་གང་མགྱོགས་གསོ་སྐྱོང་། རིགས་ཁག་གི་བྱེད་པོས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དར་རྒྱས་ལམ་སྲོལ་དང་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ལ་ཞིབ་ཕྲའི་བླང་བྱ་བཏོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།