དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་ཚོའི་མཉམ་ལས་འཕེལ་རྒྱས་བཏང་། མང་ཚོགས་ཕྱུག་པོའི་ལམ་དུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-20

    བདེ་སྐྱིད་ནི་འབད་བརྩོན་ལས་བྱུང་ཞིག་རེད། ནག་ཆུ་གྲོང་ཁྱེར་སོག་རྫོང་ལ་མི་ཚོགས་དེ་འདྲ་ཞིག་ཡོད་པ་སྟེ། ཁོང་ཚོས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་མ་ཟད། ཉེ་འཁོར་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱས་ཏེ། ཁོང་ཚོ་རང་ཉིད་ལ་དབང་བའི་བདེ་སྐྱིད་ལམ་བུ་ཞིག་བསྐྲུན་ཡོད། ཁོང་ཚོ་ནི་དཀར་སྨད་ཤང་ལུང་ཐུང་མདའ་གྲོང་ཚོའི་གྲོང་མི་ཡིན་པ་རེད།

    ཤེས་འཕེལ་ནི་དེ་སྔ་རྩེད་འཇོས་དུས་འདའ་བ་དང་ཉི་མ་གང་འཁྱོལ་བྱེད་མཁན་ཞིག་ཡིན། ལོ་རེའི་དབྱར་རྩྭ་དགུ་འབུ་བསྔོགས་པའི་དངུལ་གྱིས་རྒྱུན་གཏན་གྱི་འཚོ་བ་འཕྱིད་ཐབས་བྱས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཚུན། ཤེས་འཕེལ་གྱིས་རང་འགུལ་ངང་བསམ་བློ་བསྒྱུར་ནས། དབུལ་སྒྲོལ་ཡོང་ཐབས་བྱས་ཏེ“ང་རང་ད་ལྟ་ལོ་ཆུང་བས་དུས་ཚོད་གང་བྱུང་དུ་འཕྲོ་བརླག་གཏོང་གི་མིན”ཞེས་སེམས་ཐག་བཅད།

    རིམ་ཁག་སྲིད་གཞུང་གི་རོགས་རམ་འོག ཤེས་འཕེལ་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་སྣ་ཚོགས་ལ་ཞུགས་པས་ལས་ཀའི་ཉམས་མྱོང་མི་ཉུང་བ་ཞིག་གསོག གྲོང་མིས་དེ་སྔོན་གྱི་རང་ཉིད་ལྟར། ལོ་རེར་དབྱར་རྩྭ་དགུ་འབུ་བསྔོགས་ནས་བྱུང་བའི་དངུལ་གྱིས་རྒྱུན་གཏན་གྱི་འཚོ་བ་འཕྱིད་ཐབས་བྱས་ནས་ཉི་མ་གང་འཁྱོལ་བྱེད་པའི་སྣང་ཚུལ་མཐོང་སྐབས། ཚང་མའི་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བ་བྱ་རྒྱུའི་སེམས་ཐག་བཅད། གྲོང་ཚོ་ཧྲིལ་པོ་ཇི་ལྟར་བྱས་ནས་དཀའ་ངལ་གྱི་གནས་ལས་འབྲལ་ཏེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་དེ་ཤེས་འཕེལ་གྱིས་ཉིན་མཚན་ཀུན་ཏུ་བསམ་གཞིག་བྱེད་པའི་གནད་དོན་ཞིག་ལ་གྱུར།

    2017ལོར་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་སོག་རྫོང་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་རྗེས། ལུང་ཐུང་མདའ་གྲོང་ཚོས་ཡུལ་དེའི་དོན་དངོས་དང་ཟུང་འབྲེལ་གྱིས། གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་སོ་ཕག་བཟོ་གྲྭའི་མཉམ་ལས་ཁང་ཞིག་བཙུགས། མ་དངུལ་མི་འདང་བའི་གནད་དོན་ལ་དམིགས་ནས་གྲོང་ཚོའི་དུད་ཚང་33གྱི་མང་བས་སྒོར་ཁྲི་1དང་ཉུང་བས་སྒོར་སྟོང་ཕྲག་ཁ་ཤས་བཏོན་ནས་མ་རྐང་ནང་ཞུགས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་ངལ་ནུས་མ་རྐང་ནང་ཞུགས་ཏེ། ཚང་མས་ཕྱོགས་མང་པོ་ནས་མ་དངུལ་སྒོར་ཁྲི་25ལྷག་ཙམ་ཐབས་ཤེས་བཏང་། དེ་ལྟར་བྱས་ནས་སོ་ཕག་ཁོག་སྟོང་ཐོན་སྐྱེད་བྱེད་པའི་ཐོན་ལས་གཙོ་བོའི་དབུལ་སྐྱོར་མཉམ་ལས་ཁང་དེ་བཙུགས།

    ཤེས་འཕེལ་གྱི་སྣེ་ཁྲིད་འོག མཉམ་ལས་ཁང་གིས“ཡིད་རྟོན་གཙོ་བོར་བྱེད་པ་དང་སྤུས་ཚད་སྔོན་ལ་འཇོག་པའི”འདུ་ཤེས་ལ་བརྟེན་ནས། ཁྲོམ་རའི་འགྱུར་ལྡོག་དང་རྒྱུན་ཆད་མེད་པར་འཚམ་པར་བྱེད་པ་དང་སློབ་སྦྱོང་དང་ལག་ལེན་ཁྲོད་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱས་པས། སོ་ཕག་གི་ཚོང་ཇེ་ལེགས་སུ་ཕྱིན། སྒོ་རྩར་ཚོང་སྒྲིག་མཁན་གྱི་ཁེ་ལས་དང་མི་སྒེར་ཡང་རིམ་གྱིས་མང་དུ་སོང་ནས་ལོ་གཅིག་མ་སོང་བར་མཉམ་ལས་ཁང་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།

    2017ལོའི་ལོ་མཇུག་ཏུ། དམིགས་བསལ་གྱི་ཁེ་སྤོགས་བགོ་བའི་མཛད་སྒོ་ལུང་ཐུང་མདའ་གྲོང་ཚོའི་གྲོང་ལྷན་དུ་འཚོགས་ནས། སྒྲོག་རྩེའི་སྟེང་གི་དངུལ་སྨར་དེ་དག་མངོན་གསལ་ལྷག་པར་འདོད། གྲོང་མི་ཚོས་སྒྲོག་རྩེའི་མདུན་དུ་བང་བསྒྲིགས་ནས་རང་ཁྱིམ་ལ་བགོས་པའི་ཁེ་སྤོགས་དངུལ་བླངས། ད་ཐེངས་ཀྱི་ཁེ་སྤོགས་བགོ་བཤའི་ནང་གྲོང་ཚོ་ཡོངས་ཀྱི་དུད་ཚང་33ལ་ཆ་སྙོམས་དུད་ཚང་རེར་སྒོར་3000བགོ་བཤའ་རྒྱག་རྒྱུ་བྱུང་ཡོད།

    2018ལོའི་ལོ་སྟོད་དུ་ཁེ་ཕན་ཐོབ་པའི་གྲོང་མིས་མཉམ་ལས་ལས་གཏོད་ཀྱི་བྱེད་ཐབས་དེ་ཡག་པོ་འདུག་པས། སླད་ཕྱིན་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཚང་མའི་ཡོང་འབབ་མགྱོགས་མྱུར་མང་དུ་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད། དབུལ་སྐྱོར་གྱི་སྒོ་རྩིས་ཚོང་ཁང་དང་། ལག་ཤེས་སྒྱུ་རྩལ་ཐོན་རྫས་ཀྱི་ལས་སྣོན། སྔོ་ཚལ་དྲོད་ཁང་ཆེ་མོའི་འདེབས་འཛུགས། རྩམ་པ་ལས་སྣོན། པད་ཁའི་སྣུམ་ལས་སྣོན། གཟུགས་པོ་འཁྲུ་ཁང་སོགས་ཐོན་ལས་རྣམ་གྲངས་ཚུད་པའི་གཉེར་སྐྱོང་མཉམ་ལས་ཁང་མང་པོ་གཉེར་འགོ་ཚུགས་པས་གྲོང་མི་ཚོས་རང་ཉིད་ཀྱི་འདོད་མོས་བཞིན་རྣམ་གྲངས་མི་འདྲ་བར་ཞུགས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།