དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-18

    ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། 2020ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་11དོན་འཁྱོལ་བྱས་པ་དང་འཛུགས་སྐྲུན་གྱི་ལས་འགན་མུའུ་ཁྲི་9ཟིན་ཡོད་ཅིང་། རྣམ་གྲངས་དེ་དག་ལྷོ་བྲག་དང་། སྣ་དཀར་རྩེ། སྣེ་གདོང་། རྒྱ་ཚ། ཟངས་རི། ལྷུན་རྩེ། གོང་དཀར། གྲ་ནང་། མཚོ་སྨད། ཆུ་གསུམ། མཚོ་སྣ་བཅས་རྫོང(ཆུས)11དང་ཤང(གྲོང་རྡལ)44ལ་ཁྱབ་ཡོད།

    མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་11གི་རྣམ་གྲངས་ཚང་མ་སྐྲུན་འགོ་བཙུགས་ཡོད། དེའི་ནང་ཞིང་འཕྲུལ་ལམ་དང་། ས་ཞིང་སྙོམས་སྒྲིག ཞིང་ནང་འགྲོ་ལམ། ས་རྒྱུ་ལེགས་གཏོང་སོགས་ཞིང་ལས་བྱེད་ཐབས་ཁག་ལེགས་སྒྲུབ་བྱེད་ཚད་100%ཟིན་པ་དང་། མ་དངུལ་སྒོར་ཁྲི་11044.59བཏང་བ་དེས་མ་དངུལ་བཏང་བའི་བསྡོམས་འབོར་གྱི་37%ཟིན་ཞིང་། རྣམ་གྲངས་ཀྱི་འཕེལ་རིམ་2019ལོ་ལས་29%མཐོ་རུ་ཕྱིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།