དབུ་ཤོག>ཞིང་འབྲོག་གསར་པ།
  • ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཅོས་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-18

    ལོ་གཉིས་ཙམ་རིང་འཛུགས་སྐྲུན་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་མིག་སྔར་མཛེས་བཟོ་བྱེད་བཞིན་ཡོད་པ་རེད། ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། སྡེ་ཁུལ་དེའི་དུད་ཚང(ཡུལ་དེའི་དུད་ཚང་291གི་གྲོང་མི་དང་ཕྱི་ནས་ཡོང་བའི་དུད་ཚང་80ཡི་གྲོང་མི་ཚུད་པ)371གི་གྲོང་མིས་ལྕགས་རོང་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་དུ་རྒྱན་བརྒྱབ་ནས་ཁང་པ་བདམས་པ་དང་དེ་སྔའི་ཁང་པ་ལས་ཆུང་བ་མེད་པའི་རྩ་དོན་ཐོག་ནས་བཀོད་སྒྲིག་བྱས་པ་རེད།

    རྒྱན་བརྒྱབ་པའི་ཉིན་དེར་ལྕགས་རོང་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་དུ་མིས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད་པ་དང་དུད་ཚང་371གི་གྲོང་མིས་སྔ་པོ་ནས་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་དུ་རྒྱན་རྒྱག་པར་ཡོང་བ་རེད།

    ལྕགས་རོང་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པ་དང་མི་སེར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། སྡོད་གནས་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་མང་པོའི་རེ་བ་བཅོལ་ཡོད། དེར་བརྟེན་དུད་ཚང་371གི་གྲོང་མིས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་སྡོད་ཁང་གསར་པར་རྒྱན་རྒྱག་རྒྱུ་ཡིན་པ་ཐོས་རྗེས་ཚང་མས་ཧུར་བརྩོན་ཆེན་པོས་རང་ཉིད་ཀྱི་འདོད་བློ་དང་མཐུན་པའི་ཁང་པ་ཞིག་རག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།