དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཧུར་ཐག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-11

    ཉེ་བའི་ལོ་ཤས་རིང་། བམ་གྲོང་གྲོང་ཚོས་ཐོན་ཁུངས་འབེལ་པོར་གཞི་ཚུགས་ཏེ། དབུལ་སྒྲོལ་འགག་སྒྲོལ་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བཞག་ནས་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱས་ཤིང་། ཏང་འཛུགས་སྐྱོང་དང་། བསམ་ཕྱོགས་སྒྱུར་བ། ཐོན་ལས་དར་རྒྱས། གྲོང་མི་འབྱོར་ཕྱུག གྲོང་ཚོ་མཛེས་སྡུག་ལྡན་པ་བཅས་ཀྱི་གཙོ་རྐང་འདིར་མཐའ་འཁྱོངས་ཀྱིས་དམིགས་ནས་ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་ནས་ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི“གཉིས་ཁེའི་ལམ”དུ་བསྐྱོད་ཡོད།

    ལྟ་བར་འགྱུར་ལྡོག་བཏང་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ།

    “ཉ་སྟེར་བ་ལས་ཉ་གསོ་སྟངས་སློབ་པ་དགའ”དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྐྱོར་བྱེད་དགོས་ལ་དེ་བས་བློ་སྐྱོར་བྱེད་དགོས། མང་ཚོགས་ཀྱི་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་ཆེན་པོ་མེད་པའི་སྣང་ཚུལ་ལ་དམིགས་ནས་བམ་གྲོང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས“བསམ་བློའི་དབུལ་སྒྲོལ”གྱི་འགག་རྩར་དམ་འཛིན་བྱས་ཏེ་བསམ་བློའི་གཡུལ་ས་བསྐྲུན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    བམ་གྲོང་གྲོང་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཟུང་འབྲེལ་གྱིས་ཏང་ཡོན་གྱི་རྒྱང་ཁྲིད་སློབ་གསོ་དང་། ཀུན་སྤྱོད་སློབ་ཁང་། གྲོང་ཚོ་ཚང་མར་ཤར་གཏོང་སོགས་བརྒྱུད་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱས་ཏེ་ཏང་གི་གསུང་སྒྲ་གྲོང་མི་ཚོའི་སེམས་སུ་ཟུག་པར་བྱས་ཡོད། བསམ་བློའི་སྣེ་ཁྲིད་སྟོབས་ཆེན་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་མི་600ལྷག་ཙམ་ཏང་ཡོན་65ཡི་སྣེ་ཁྲིད་འོག་སྒུག་རྟེན་སློང་གསུམ་གྱི་བསམ་བློ་དོར་ཏེ་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་ཡོད།

    ཐོན་ལས་དར་རྒྱས་བཏང་ནས་མི་སེར་ཕྱུག་པོ་ཆགས་པར་བྱས་པ།

    གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་ཇི་ལྟར་བྱས་ཏེ་ཐོན་ལས་དབུལ་སྐྱོར་བྱ་གཞག་ཁྲོད་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི་བམ་གྲོང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་སྔ་བར་ཕྱི་གསུམ་དུ་བསམ་གཞིག་བྱེད་པའི་གནད་དོན་ཞིག་རེད། བམ་གྲོང་གྲོང་ཚོ་ཀོང་ཏུང་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་8ཀྱི་གྲས་ཤིག་ཡིན་པའི་ངོས་ནས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གོ་སྐབས་དམ་འཛིན་གང་ལེགས་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་དམ་ཟབ་དང་། གནམ་ཐང་དང་། རྒྱལ་ལམ་219བསྐྲུན་ཟིན་ཉེར་ཡོད་པའི་ལྷ་ཉིང་ལྕགས་ལམ་བཅས“ཕྱོགས་གསུམ་གཞི་གཅིག”གི་འགྲིམ་འགྲུལ་གྱི་ལེགས་ཆར་དམ་པོར་བརྟེན་པ། བརྟག་ཞིབ་ཀྱིས་རིགས་པས་ཁུངས་སྐྱེལ་དང་བློ་འདྲི་ཡང་ཡང་བྱས་པ་བརྒྱུད། “235”ཡི་ལེ་ལག་ཚང་ཞིང་ཚན་རིག་དང་མཐུན་པའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཡོད། “གྲོང་ཚོའི་མཉམ་སྡེབ+”ཀྱི་བྱེད་ཐབས་སྤྱད་དེ་སྒོར་དུང་ཕྱུར་14.7ཟིན་པའི་ཚོང་དོན་ཟོག་འགྲེམས་གླིང་ནང་འདྲེན་དང་སྒོར་དུང་ཕྱུར་15ཟིན་པའི་ཅང་ཤིན་གླིང་ཕྲན་སྐྱེ་ཁམས་ཞིང་ལས་ཡུལ་སྐོར་རིག་གནས་ཚན་རྩལ་གླིང་གྲོང་ཚོ་དེར་བསྐྲུན་ནས་ཚོང་དོན་ཟོག་འགྲེམས་ལས་རིགས་དང་ཁྱིམ་ཚང་མགྲོན་ཁང་གི་ལེ་ལག་ཚང་བའི་ཞབས་ཞུའི་ལས་རིགས་སོགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་མི་ཚོར་ལས་ཞུགས་དང་རྩལ་ནུས་གསོ་སྦྱོང་གི་ལས་སྟེགས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད།

    ཡུལ་སྲོལ་བཟང་པོར་བརྟེན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ།

    ཐོན་ལས་དབུལ་སྐྱོར་ཕུད་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུའི་ཐད་བམ་གྲོང་གྲོང་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། ཏང་ཡོན་གྱི་ལས་སྒྲུབ་ལས་གཏོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པའི་སྤྲོ་སེམས་འཕེལ་བ། འགྲོ་ལམ་དང་། ཐང་ཆེན། ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོ་ལྟེ་གནས། བཙོག་འབུད་མདོང་དྲ། མང་ཚོགས་ཀྱི་སྡོད་ཁང་སོགས་ལག་བསྟར་བྱས་ནས་ཆུ་གློག་དང་། འགྲོ་ལམ། འཕྲིན་གཏོང་། དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་མེད་པའི་ཞན་ཆ་གསབ་ཡོད། ད་ཆའི་བམ་གྲོང་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཁོད་སྙོམས་པའི་ཨར་འདམ་ལམ་གང་སར་ཤར་གཏོང་ཐུབ་པ་དང་། གྲོང་ཚོའི་འགྲོ་ལམ་གཙང་ལ་གྲལ་འགྲིག་པ། སྒྲིག་ཆས་ཆ་ཚང་བའི་སྤྲོ་གསེང་ཐང་ཆེན་སྔོ་ལྗང་རྩི་ཤིང་གིས་རྒྱན་ནས་གྲོང་མི་ཚོ་དེ་བས་བློ་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།