གྲངས་གཞི་ཁག་གཅིག་གིས“བརྟན་པོའི”རྣམ་པ་བཟང་པོར་གསལ་འགྲེལ་བྱས་ཤིང་། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་13406ལས་ཞུགས་གསར་འཕར་བྱུང་བ་དང་། ཞིང་འབྲོག་པ་ཁྲི་8.2ལས་ཞུགས་གཞན་སྒྱུར་བྱུང་བ་དེ་ན་ནིང་གི་དུས་མཚུངས་ལས་9.8%འཕར་བ། ཡོང་འབབ་སྒོར་དུང་ཕྱུར་8.44ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་42.3%འཕར་བ། ས་ཁུལ་དང་གྲོང་ཁྱེར་སྒྲོལ་བའི་ལས་ཞུགས་གཞན་སྒྱུར་མི་6424དང་ལྗོངས་ཕྱིར་ལས་ཞུགས་གཞན་སྒྱུར་མི་1089བྱུང་བ། ཞིང་འབྲོག་པ་15473ལ་རྩལ་ནུས་གསོ་སྦྱོང་བྱས་པའི་ཁྲོད་མི་4855ལ་ལས་ཁྲོད་སྦྱོང་བརྡར་དང་མངགས་ཐོ་རྣམ་པའི་གནས་གཏན་འཁེལ་གྱི་གསོ་སྦྱོང་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།
ཞབས་ཞུ་གསར་གཏོད་བྱས་ནས་ལས་ཞུགས་ལམ་བུ་ཇེ་ཡངས་སུ་བཏང་བ།
འདི་ལོ་ལོ་24ལ་སླེབས་པའི་ཐུབ་བསྟན་ཆོས་སྒྲོན་ནི་ནན་ཁྲང་བཟོ་ལས་སློབ་གླིང་ནས་ཐོན་ཞིང་། 2020ལོའི་ཟླ་7ཚེས་15ཉིན་ཁོ་མོ་2020ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་མངགས་ལས་མི་བསྡུ་བའི་འདུ་ཚོགས་སྣ་ཚོགས་ནང་ཞུགས་ཏེ་རང་ཉིད་ལ་འཚམ་པའི་ལས་ཀ་ཞིག་རག་རེ་བྱས་པ་དང་། ལས་མི་བསྡུ་ཡུལ་དུ་ཁོ་མོས་ཁེ་ལས་མང་པོ་ཞིག་ལ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་བསྐྱལ་བ་རེད། ཐུབ་བསྟན་ཆོས་སྒྲོན་གྱིས“ང་ད་ལོ་སློབ་གྲྭ་ཐོན་ནས་སྤྱི་ཚོགས་ཐོག་བསྐྱོད་འགོ་ཚུགས་ཙམ་ཡིན་པས་གླ་ཆའི་ཐད་རེ་བ་ཆེན་པོ་དེ་ཙམ་མེད་པར་སྒོར་4000ཙམ་བྱུང་ན་འགྲིག་གི་འདུག ངས་གཙོ་བོ་ལས་གནས་ཐོག་ནས་ཉམས་མྱོང་གསོག་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བཤད།
འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མ་དང་འཚམ་པའི་ལས་གནས་6467གསར་སྤེལ་ཤུགས་ཆེན་བྱས་པ་དང་། རིམ་རྩིས་བྱས་ན་ཁག་ཐེངས་4ཡི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མི་ཐེངས་1973ལ་དངུལ་སྒོར་ཁྲི་3755སྤྲད་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པ་8ལ་ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི་230བཏང་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པ་480གྱིས་མི་2549ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།
ཞབས་ཞུ་ལེགས་སུ་བཏང་ནས་གཙོ་གནད་ཚོགས་སྤྱིར་ལས་ཞུགས་བརྟན་པོ་ཡོང་རོགས་བྱས་པ།
བཀྲ་ཤིས་བདེ་སྐྱིད་ནི་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་ནས་ཡིན་ཞིང་། 2018ལོའི་ལོ་འགོར་མལ་གྲོ་གུང་དཀར་རྫོང་ནས་ལྷ་ས་རིག་གཏོད་གླིང་སེམས་མཐུན་ལྡུམ་རའི་སྡེ་ཁུལ་དུ་སྤོས་རྗེས་ཁོ་མོས་གསོ་སྦྱོང་ནང་ཞུགས་ནས་རྩལ་ནུས་སྦྱངས་པ་བརྒྱུད། མཉམ་ལས་ཁང་གི་ཐོན་རྫས་བྲིན་ཚོང་གི་ལས་འགན་ཁུར་གྱི་ཡོད་པས་ཟླ་རེར་གཏན་འཇགས་ཡོང་འབབ་སྒོར་5400ཡོད་པ་རེད།
འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན། ལས་གནས་འབྲེལ་མཐུད། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་ཏན་ཏིག་སྒྲུབ་པ་བརྒྱུད། ལས་ཞུགས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔའི་བར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་དུད་ཚང་4996ཡི་མི་8671ལས་ཞུགས་གཞན་སྒྱུར་ཐུབ་པ་དང་དུད་ཚང་4983ཡི་མི་7549ལས་ཞུགས་བརྟན་པོ་བྱུང་ཡོད།
གསོ་སྦྱོང་བྱས་ནས་ཕུན་སུམ་ཚོགས་པའི་མི་ཚེར་གོ་སྐབས་བཏོད་པ།
རྩལ་ནུས་གཅིག་བྱང་ཆུབ་པ་དང་ལག་ཁྱེར་གཅིག་ཡོད་ཚེ་ཕྱུག་འགྱུར་ལམ་བུར་དཀའ་ཚེགས་ཅི་ཡང་མེད། ལྷག་པ་ནི་ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ནས་ཡིན་ཞིང་། སློབ་ཆེན་ཐོན་རྗེས་ལྷུན་གྲུབ་རྫོང་གིས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་དང་འབྲེལ། དངོས་སྤྱོད་ལག་རྩལ་པའི་ལག་ཁྱེར་ཡང་རག་པས་གསོ་སྦྱོང་མཇུག་སྒྲིལ་རྗེས་ལྷག་པས་གསོ་སྦྱོང་ནང་ཞུགས་མཁན་11གི་སྣེ་ཁྲིད་དེ་ལུམས་བཅོས་ཁང་དུ་ལས་ཞུགས་བྱས་པ་དང་དེའི་ཁྲོད་མཐོ་སློབ་སློབ་ཐོན་སློབ་མ་ཡོད་ལ་དབང་པོ་སྐྱོན་ཅན་ཡང་ཡོད་པ་རེད།
འདི་ལོ་ཚུན་དུ། ལྷ་ས་གྲོང་ཨུད་ཀྱིས་སྤྱི་འདོམས་སྒྲིག་འཛུགས་དང་། མི་སྤྱིས་སྣེ་ཁྲིད་བཀོད་སྒྲིག ལས་རིགས་སྡེ་ཚན་གྱིས་ལག་བསྟར་ཞིབ་ཕྲ་བཅས་བྱས་ཏེ“དངོས་སྤྱོད་ལག་རྩལ་པའི་གསོ་སྐྱོང་འདུ་འགོད”ཁྱབ་གདལ་ཤུགས་ཆེན་དང“ཁེ་ལས་ཀྱིས་མཐིལ་རྟོགས་དང་། མང་ཚོགས་ཀྱིས་རྩིས་ཐོ་འགོད་པ། ལས་གནས་ཐོག་གསོ་སྦྱོང”བཅས་གོམ་སྟབས་གསུམ་བརྒྱུད་ས་གནས་དེ་གའི་དངོས་སྤྱོད་རྩལ་ནུས་པ་གསོ་སྦྱོང་གི་ལས་དོན་གནད་སྨིན་ངང་སྤེལ་ཞིང་། མིག་སྔའི་བར། ཚན་པ་9ཡི་གསོ་སྦྱོང་གྲོན་དངུལ་རེ་ཞུར་ཞིབ་བཤེར་ཆོག་མཆན་ཐོབ་པ་དེ་གསོ་སྦྱོང་བྱ་ཡུལ་1649ལ་ཁྱབ་པ་དང་གསོ་སྦྱོང་གྲོན་དངུལ་སྒོར་ཁྲི་447.3ཟིན་ཡོད། མིག་སྔར། གསོ་སྦྱོང་འཛིན་གྲྭ་དུས་ཐེངས་44(དེའི་ནང་སློབ་འགོ་ཚུགས་ཀྱང་སློབ་མཇུག་སྒྲིལ་མེད་པའི་དུས་ཐེངས་17ཚུད་པ)སློབ་འགོ་ཚུགས་ཏེ་དམིགས་ཚད་ལས་འགན་གྱི་71%ཟིན་པ་་དང་། མི་1615ལ་གསོ་སྦྱོང་བྱས་པ་དེས་དམིགས་ཚད་ལས་འགན་གྱི་71.5%ཟིན་པ། འཛིན་གྲྭ་དུས་ཐེངས་2གཉེར་རྒྱུ་དང་མི་33གསོ་སྦྱོང་བྱེད་རྩིས་ཡོད་པ་རེད།
ལས་སྟེགས་བཏོད་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱས་པ།
འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས“ལས་སྟེགས་ཆེན་པོ་བཞི”བཏོད་དེ་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ཐུབ་རོགས་བྱས་པ་རེད། སྲིད་གཞུང་གི་མ་འཇོག་ལས་གྲྭའི་རྣམ་གྲངས་ལ་བརྟེན་ནས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལས་ཞུགས་གཞན་སྒྱུར་གྱི་ལས་སྟེགས་བཏོད་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་རྣམ་གྲངས་899ལས་འགོ་བསྐྱར་འཛུགས་དང་སླར་གསོ་བྱས་ཏེ་ཞིང་འབྲོག་པ་ཁྲི་3.8ལས་ཞུགས་གཞན་སྒྱུར་ཐུབ་པར་རིམ་རྩིས་བྱས་ན། ཡོང་འབབ་སྒོར་དུང་ཕྱུར་3.8བྱུང་བའི་ཁྲོད་སྒོར་ཁྲི་400མན་ཆད་ཀྱི་མ་འཇོག་རྣམ་གྲངས་310ཡོད་པར་ཞིང་འབྲོག་པ་6348ལས་ཞུགས་གཞན་སྒྱུར་ཐུབ་ནས་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་3815བྱུང་བ་དང་ངལ་ནུས་ཕྱིར་གཏོང་ལ་བརྟེན་ནས་སྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་ལས་སྟེགས་བཏོད་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་ངལ་ནུས་ཕྱིར་གཏོང་རྩ་འཛུགས་340བཙུགས་ཏེ་སྒྲིག་འཛུགས་ཡོད་པའི་སྒོ་ནས་མི་ཁྲི་3ངལ་ནུས་ཕྱིར་གཏོང་དང་ངལ་ནུས་མངགས་གཏོང་བྱས་པ་དང་ལས་ཞུགས་གཞན་སྒྱུར་གྱི་རྟེན་གཞིར་བརྟེན་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུཌ་ལས་སྟེགས་བཏོད་ཡོད། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་131(རང་སྐྱོང་ལྗོངས་རིམ་པའི་15དང་། གྲོང་ཁྱེར་རིམ་པའི་54 རྫོང་དང་ཆུས་རིམ་པའི་62)ཡོངས་བསྒྲཌ་ཀྱིས་ངོས་འཛིན་དང་སྒོ་བྱང་འགེལ་བའི་ལས་ཀ་ལེགས་སྒྲུབ་ཟིན་ཏེ། བསྡོམས་ཞིང་འབྲོག་པ་ཁྲི་1.39ལས་ཞུགས་གཞན་སྒྱུར་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་4.64བྱུང་བ་དང་ལྗོངས་ཕྱིའི་འབྲེལ་མཐུད་ཐབས་ལམ་ལ་བརྟེན་ནས་ལྗོངས་ཕྱིའི་ལས་ཞུགས་གཞན་སྒྱུར་གྱི་ལས་སྟེགས་བསྐྲུན་ཏེ་མི་1089ལྗོངས་ཕྱིར་ལས་ཞུགས་གཞན་སྒྱུར་ཐུབ་ཡོད་པ་རེད།