དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གྲོང་ཁུལ་རྙིང་པའི་ཡོང་འབབ་དམའ་བའི་ཚོགས་སྤྱིར་དམིགས་ནས་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-13

    ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་ལས་ཞུགས་ཐུབ་མེད་པ་དང་ཡོང་འབབ་དམའ་བའི་ཚོགས་སྤྱིའི་ལས་ཞུགས་གནད་དོན་ཐག་གཅོད་བྱ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་གླིང་སྐོར་ཤར་ལམ་སྒོ་རྟགས་99རུ“གྲོང་ཁུལ་རྙིང་པའི་སྲང་ལམ་བརྒྱ་དང་དུད་ཚང་སྟོང་གི་ལས་ཞུགས་འབབ་འཕར”གྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོཌ་འཚོཌ་ཏེ། གྲོང་ཁུལ་རྙིང་པའི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་ལས་ཞུཌ་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ནང་ཁྱོན་ཁེ་ལས་48ཞུགས་ཡོད་པ་དང་ལས་ཞུགས་ལས་གནས་ཁྱོན་1490མཁོ་འདོན་བྱས་ཤིང་། ལས་མི་བསྡུ་བའི་ལས་རིགས་གྲས་སུ་གཙང་སྦྲ་བྱེད་མཁན་དང་། དངུལ་བསྡུ་མཁན། སྒོ་རྩིས་ཚོང་ཁང་གི་ཚོང་དཔོན། མི་དོན་སྲིད་འཛིན་གྱི་གཙོ་འགན་འཁུར་མཁན་སོགས་ཚུད་པ་དང་། གླ་ཆ་མཐོ་པོ་ཡོད་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་མ་འཚོག་གོང་། ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་སྔ་སྣུར་དུ་འབྲེལ་ཡོད་ཁེ་ལས་དང་སྤེལ་རེས་མཐུན་སྦྱོར་བྱས་ཏེ། ཁེ་ལས་ཀྱིས་ལས་མི་བསྡུ་བའི་ཚད་གཞི་དམའ་རུ་བཏང་ནས་གྲོང་ཁུལ་རྙིང་པའི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་ལས་ཞུགས་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་མགྱོགས་མྱུར་ལས་ཞུགས་ཐུབ་པ་བྱེད་རྒྱུའི་བླང་བྱ་བཏོན་པ་རེད།

    ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ལས་མི་བསྡུ་བའི་འདུ་ཚོགས་དེར་ཁྱོན་མི་600ལྷག་ཙམ་ཞུགས་པ་དང་འདུ་ཚོགས་འཚོག་ཡུལ་དུ་རང་ཉིད་ཀྱི་ངོ་སྤྲོད་ལོ་རྒྱུས་500ལྷག་ཙམ་བསྐྱལ་བའི་ནང་མི་127ངོ་རྒྱུགས་ལོན་པ་དང་མི་39ཐད་ཀར་ལས་ཞུགས་ཐུབ་ཡོད། གོམ་སྟབས་རྗེས་མར། ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་གྲོང་ཁུལ་རྙིང་པའི་ལས་ཞུགས་ཐུབ་མེད་པ་དང་ཡོང་འབབ་དམའ་བའི་ཚོགས་སྤྱིར་དམིགས་ཏེ། སྤྱི་སྐད་གསོ་སྦྱོང་དང་རྩལ་ནུས་མཐོར་གཏོང་གིས་སྤེལ་རེས་དང་འབྲེལ་གཏུག་བྱེད་ནུས་དང་ལས་ཀའི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།