དབུ་ཤོག>ཞིང་འབྲོག་གསར་པ།
  • ཤིང་ཕོར་བཟོ་རྩལ་རྒྱུན་འཛིན་བྱས་ནས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-12

    ཤིང་ཕོར་བཟོ་རྩལ་རྒྱུན་འཛིན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི་ལྷོ་ཁའི་རྒྱ་ཚའི་དྭགས་པོ་སྲོལ་རྒྱུན་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་2012ལོར་བཙུགས་ཤིང་། ཀུང་སི་བཙུགས་པའི་ཐོག་མའི་དུས་སུ་ས་གནས་དེ་གའི་དུད་ཚང་དབུལ་པོ་དང་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པ་དང་ཉེ་འཁོར་མང་ཚོགས་བསྡུས་ནས་ཤིང་ཕོར་བཟོ་སྟངས་བསླབས་པ་རེད། ཉེ་བའི་ལོ་ཤས་རིང་རྒྱ་ཚ་རྫོང་གི་སྣོད་བཅུད་དང་ཡུལ་སྐོར་གྱི་ལེགས་ཆར་བརྟེན་ནས“ཀུང་སི་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་འབྲེལ་གྱི་གནད་སྨིན་དབུལ་སྐྱོར་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ས་གནས་དེ་གའི་དུད་ཚང་དབུལ་པོ་འབོར་ཆེན་ཞིག་དབུལ་སྒྲོལ་ཡོང་བར་སྣེ་ཁྲིད་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2014ལོ་ནས་2019ལོ་བར་ཀུང་སི་དེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་136ལ་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ལས་གནས་མཁོ་འདོན་བྱས་པས་འབབ་འཕར་སྒོར་ཁྲི་100ལྷག་ཙམ་བྱུང་ཡོད། འདི་ནི་ཀུང་སི་དེས་སློབ་མ་ཚོར་ཤིང་ཕོར་བཟོ་སྟངས་སློབ་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།