དབུ་ཤོག>ཞིང་འབྲོག་གསར་པ།
  • རྣམ་གྲངས་ཀྱི་ལེགས་ཆ་སྤྱད་དེ་མང་ཚོགས་ལ་འབབ་འཕར་ཡོང་བར་རོགས་རམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-30

    ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ས་གཙང་ཐོན་ལས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་དང་དམངས་འཚོ་ལེགས་སུ་གཏོང་བའི་ནུས་པ་འདོན་སྤེལ་ཏན་ཏིག་བྱ་ཆེད། ཀུང་སི་དེས་ལས་རིགས་གསོ་སྦྱོང་དང་། དབུལ་སྐྱོར་གྱི་ཁེ་སྤོགས་བགོ་བ། ས་ཞིང་བརྒྱུད་བཤུག དམངས་ཕན་ཁེ་སྤྲོད། མཁོ་སྤྲོད་དང་ཕྱིར་འཚོང་ལས་སྒོ་སོགས་ལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཡོང་བའི་ཐབས་བཟང་རབ་དང་རིམ་པ་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིཌ་ན། ཀུང་སི་དེས“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་དོ་དམ་དང་ས་གཙང་བདེ་ཐང་གི་ཐོན་ལས་རྣམ་གྲངས་དང་ཟུང་འབྲེལ་བྱས་ཏེ་གླིང་དེའི་རྣམ་གྲངས་ཀྱི་ལེགས་ཆ་གང་ལེགས་སྤྱད་ཡོད། ཐོན་ལས་རྣམ་གྲངས་ཀྱི་དགོས་མཁོ་མི་འདྲ་བར་གཞིགས་ནས་ལས་གནས་སུ་ཡོད་པའི་མི་སྣར་ལས་རིགས་གསོ་སྦྱོང་བྱས་པས། དུད་སྦྲེལ་ཁྱིམ་ཚང་440ཡི་མང་ཚོགས་དབུལ་པོ་1371ལ་འབབ་འཕར་བྱུང་ནས་མི་597ལས་ཞུགས་ཐུབ་པ་དང་། དེའི་ཁྲོད་ཞིང་འབྲོག་པ་312ཚུད་ཡོད། གནད་སྨིན་དབུལ་སྐྱོར་གྱི་ཁེ་སྤོགས་བགོ་བའི་ལས་དོན་དོན་འཁྱོལ་ཧུར་ཐག་བྱས་ནས་མང་ཚོགས་དབུལ་པོར་གནད་སྨིན་དབུལ་སྒྲོལ་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་པ་རེད། རིག་ནུས་མཉམ་འབྲེལ་དྲོད་ཁང་དང་། དཀར་ཆུའི་ཐོན་ཟོག་ལས་སྣོན་བཟོ་གྲྭ ཚད་གཞི་མཐོ་བའི་གསོ་སྤེལ་ལྟེ་གནས་སོགས་རྣམ་གྲངས་ཀྱི་ས་ཆ་བསྡུས་པའི་འགྲོ་གྲོན་དང་བོགས་དངུལ་སྤྲོད་པའི་བྱེད་སྟངས་ལ་བརྟེན་ནས་རྣམ་གྲངས་འཁོར་རྒྱུག་གི་ས་ཞིང་གྲོན་དངུལ་སྤྲད་པ་རེད། དམངས་ཕན་གྱི་སྔོ་ཚལ་ཐད་འཚོང་རླངས་འཁོར་གྱིས་དམངས་ཕན་ཁེ་སྤྲོད་ཀྱི་ལས་དོན་སྤེལ་ཏེ་ཁྲོམ་ར་ལས་རིན་གོང་10%ནས་30%བར་དམའ་བའི་ཐོག་ནས་ཉིན་རེར་ཞིང་ཞོར་ཐོན་ཟོག་སྣ་ཁ་50ནས་60ལྷག་ཙམ་མཁོ་འདོན་བྱས་པས་ཞིང་ལས་ཐོན་ཟོག་ཕྱིར་འཚོང་གི་རིན་གོང་ནུས་ལྡན་ངང་ཆུང་དུ་སོང་ཡོད་པ་རེད། ཁྲེང་ཀོན་ཆུས་ས་གཙང་གི་ཞིང་ལས་ཐོན་ཟོག་སྣ་ཚོགས་མཁོ་སྤྲོད་བྱེད་ཚད་དང་ཁྲོམ་རའི་བཟུང་ཚད་མཐོ་རུ་བཏང་ནས་ཁྲེང་ཀོན་ཆུས་ཀྱི་ཞིང་ལས་ཐོན་རྫས་ཁྲོམ་རའི་རིན་གོང་བལྟོས་བཅས་ཀྱིས་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་གྲོང་གསེབ་དཔལ་འབྱོར་མཉམ་ལས་ཁང་དང་མཉམ་དུ་ཚོང་གཉེར་བྱས་ནས་འདེབས་འཛུགས་དུད་ཚང་ལ་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།