ཉེ་ཆར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་འཕར་འདུག
ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་སྤོར་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།
རྒན་ཡོལ་ཞུས་པའི་རྒན་གསོའི་དངུལ་སྔོན་ལ་སྤོར་རྒྱུ་ཡིན་ཞིང་། ད་ལོ་5%སྤར་བ་ཚང་མ་གསབ་སྤྲོད་ཟིན་པས། རྒན་ཡོལ་ཞུ་མཁན་དུང་ཕྱུར་1.2ལྷག་ཙམ་ལ་ཐོབ་ཡོད། ད་ལྟ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་སྤོར་རྩིས་ཡོད་པ་རེད།
དེ་གོང་། ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་ཟླ་རེར་སྒོར་88རེད། ཉེ་དུས། མི་སྤྱི་པུས་ཀྲུང་གོ་སྲིད་གཞུང་དྲ་བ་ནས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པར། མིག་སྔར། ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་ཟླ་རེར་སྒོར་93ཡིན་པ་དང་། ས་ཁུལ་ཁག་གི་མཐོ་རུ་བཏང་བའི་གཞི་རྩའི་རྒན་གསོའི་དངུལ་གཅིག་མཚུངས་མིན་པ་རེད།
རྒན་གསོའི་དངུལ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་ཐུབ་བམ།
ཡིད་གཟབ་བྱེད་དགོས་པ་ཞིག་ནི་མི་སྤྱི་པུའི་བླང་བྱ་གཞིར་བཟུང་། 2020ལོའི་ལོ་མཇུག་གོང་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་དངུལ་ཞིང་ཆེན་རིམ་པས་གཅིག་གྱུར་ཐོག་བསྡུ་བ་དང་སྤྲོད་་ཐུབ་པ་བྱེད་དགོས། དེར་བརྟེན། ཞིང་ཆེན་རིམ་པའི་གཅིག་འདོམས་འཆར་འགོད་མངོན་འགྱུར་ཐུབ་པ་དང་སྦྲགས། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་དངུལ་སྤྲོད་པའི་དུས་ཚོད་ཀྱང་གཅིག་མཚུངས་ཡོང་རྒྱུ་རེད།
གཞན་ཡང་། རྒན་ཡོལ་ཞུ་མཁན་ཚོས་ད་ལོ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྒན་གསོའི་དངུལ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་ཐུབ་མིན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
གནད་དོན་དེའི་ཐད་ཉེ་ཆར་ནོར་སྲིད་པུས། ད་ལོ་རང་རྒྱལ་གྱིས་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་དངུལ་ཀྲུང་དབྱང་ནོར་སྲིད་ནས་ཁ་གསབ་སྤྲོད་པ་དང་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། ས་གནས་ཀྱིས་རྒན་གསོའི་དངུལ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཏོན་ཡོད། 2020ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཁ་གསབ་གྲོན་དངུལ་དུང་ཕྱུར་5827བཀོད་སྒྲིག་བྱས་པ་དེ་ན་ནིང་ལས་10.7%འཕར་བ་མ་ཟད། ད་དུང་དངུལ་བསྡུ་བ་དང་སྤྲོད་པའི་འགལ་ཟླ་ཅུང་མངོན་གསལ་དོད་པའི་དབུས་ནུབ་རྒྱུད་ཀྱི་ས་ཁུལ་དང་བཟོ་ལས་རྟེན་གཞི་རྙིང་པའི་ཞིང་ཆེན་ལ་གཟིགས་སྐྱོང་གཙོ་བོ་བྱས་ཡོད་པ་རེད།
རྒྱལ་ཁབ་ཀྱིས་འགན་གསོའི་དངུལ་གྲངས་ཚང་ངང་སྤྲོད་ཐུབ་པ་བྱེད་དགོས་ཞེས་བླང་བྱ་བཏོན་པས། དེའི་ཐད་ཐུགས་བློ་བདེ་པོ་གནང་ཆོག་གི་འདུག