དབུ་ཤོག>ཞིང་འབྲོག་གསར་པ།
  • ཆབ་མདོ་ཁུལ་གསར་གྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ཚོམས་ཆེན་དངོས་སུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-09

    ཉིན་ཤས་གོང་། ཆབ་མདོ་དཔལ་འབྱོར་གསར་སྤེལ་ཐོག་བརྩེགས་ཁང་ཆེན་གྱི་ཐོག་སོ་དང་པོར་ཡོད་པའི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ཚོམས་ཆེན་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་ཁུལ་གསར་གྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ཚོམས་ཆེན་དུ་ལས་སྟེགས་དམའ་པོ་ཇུས་འགོད་དང་ཁྱོན་ཡོངས་སྒོ་དབྱེ་རྣམ་པའི་ལས་སྒྲུབ་བྱེད་སྟངས་སྤྱད་དེ། དེའི་ནང་ཁེ་ལས་ཞབས་ཞུ་དང་། ཁྲོ་ར་ལྟ་འདོམས། ཁྲལ་དོན་སོགས་ཀྱི་ཞབས་ཞུའི་སྐར་ཁུང་18བཀོད་སྒྲིག་བྱས་པ་དང་། ཡོངས་བསྒྲགས་དང་། དྲང་གཞག དྲང་བདེན། ཚད་ལྡན། སྤྱོད་གཙང་། དམངས་ཕན་བཅས་ཀྱི་ལས་སྒྲུབ་རྩ་དོན་རྒྱུན་འཁྱོངས། “གཅིག་འཐུས་རྣམ་པའི་ལས་སྒྲུབ་དང་། གཅིག་འཐུས་རྣམ་པའི་སྒྲུབ་གཉེར། དུས་དང་རྣམ་པ་ཀུན་ཏུ་ཞབས་ཞུ”བཅས་ཀྱི་ལས་དོན་སྒྲུབ་སྟངས་ལ་བརྟེན་པ། འཕྲལ་དོན་འཕྲལ་སྒྲུབ་དང་། ལམ་སེང་སྒྲུབ་པ། ཡག་པོ་སྒྲུབ་པ་བཅས་བྱེད་པ། ཁེ་ལས་དང་མི་དམངས་མང་ཚོགས་ཀྱི་སྒྲུབ་དགོས་ངེས་ཀྱི་དོན་དག་ལས་ཕྱོད་ཆེན་པོས་ཐག་གཅོད་ཧུར་ཐག་བྱེད་པ་དང་། “གཅིག་འཐུས་རྣམ་པའི”ཞབས་ཞུའི་ཚོམས་ཆེན་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་གང་ལེཌ་བྱེད་པ། ཁུལ་གསར་དོ་དམ་ཨུ་ལྷན་གྱི་སྲིད་གཞུང་གི་གཟུཌ་བརྙན་ཡག་པོ་སྔར་བས་གཏོད་པ་བཅས་བྱས་ནས། ཁུལ་གསར་འཛུཌ་སྐྲུན་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།