དབུ་ཤོག>ཞིང་འབྲོག་གསར་པ།
  • ཆུ་གསུམ་རྫོང་གིས་གཙོ་གནད་རྣམ་གྲངས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-18

    ཉིན་ཤས་གོང་། ཆུ་གསུམ་རྫོང་གིས་གཙོ་གནད་རྣམ་གྲངས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ། གྲོང་ཁྱེར་འཛུགས་སྐྲུན་དང་། ཡུལ་སྐོར་ཞབས་ཞུ། གྲོང་གསེབ་དར་རྒྱས། ཚོང་དོན་འགྲོ་རྒྱུག དམངས་འཚོའི་བྱ་གཞག་སོགས་གཙོ་གནད་རྣམ་གྲངས་8ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

    ཆུ་གསུམ་རྫོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་རྣམ་གྲངས་ཀྱི་དུས་འགོའི་ཞིབ་བཤེར་མཆན་འགོད་དང་། སྤུས་ཚད་དོ་དམ། འཕེལ་རིམ་ཚོད་འཛིན། མ་དངུལ་བེད་སྤྱོད། མཇུག་འགྲིལ་བེད་སྤྱོད་སོགས་ལྷུ་ཚིགས་ནས་འགོ་བཙུགས་ཏེ། སྒྲིག་འཛུགས་དང་བཀོད་སྒྲིག་ཡག་པོ་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དགུན་ཁ་མ་ཤར་གོང་གི་ལས་དུས་ལ་དམ་འཛིན་ཡག་པོ་བྱས་ནས་སྐྲུན་བཞིན་པའི་རྣམ་གྲངས་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས་པ། འབྲེལ་མཐུད་མཐུན་སྦྱོར་ལ་ཤུཌ་སྣོན་བརྒྱབ་སྟེ་དུས་འགོའི་ལས་དོན་སྔ་སྣུར་དུ་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ། “མ་དངུལ་གྱིས་རྣམ་གྲངས་ལ་སྒུག་པ”སོགས་ཀྱི་གནད་དོན་མ་བྱུང་སྔོན་འགོག་བྱེད་དགོས་པ། གཙོ་གནད་རྣམ་གྲངས་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་སྟེ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་རྣམ་གྲངས་ཆེ་རིགས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་འཇུག་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་རྣམ་གྲངས་ཀྱི་འཆར་གཞི་ཚན་རིག་དང་མཐུན་པའི་ངང་འགོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།