དབུ་ཤོག>ཞིང་འབྲོག་གསར་པ།
  • རིན་སྤུངས་རྫོང་གིས་གནད་སྨིན་ཇུས་འདོན་གྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-13

    འདི་ལོ་ཚུན་དུ། རིན་སྤུངས་རྫོང་གིས“ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ”དམ་འཛིན་བྱ་གཞིར་བྱེད་པ་དང“ལས་དོན་མཐའ་དག་ཏང་ཀྲི་པུའུ་རུ་སྒྲུབ་པའི”སྟོན་ཕྱོགས་གསལ་པོ་བཙུགས་ཏེ། ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ཏང་ཀྲི་པུའི་ཆབ་སྲིད་ནུས་པ་ཆེ་རུ་གཏོང་བ། ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་པས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་ཏང་ཀྲི་པུའུ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།

    “ལས་ཀ་ལམ་ལུགས་ཅན་ལ་འགྱུར་རྒྱུ”འགན་ལེན་དུ་བྱས་ནས་ཏང་ཀྲི་པུའུ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ཞིང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའི་ལས་དོན་སྐོར་གྱི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》གི་གཏན་འབེབས་གཞིར་བཟུང་། ཀྲི་པུའི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ དང་བླངས་ཞབས་ཞུ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་གཞི་རྩའི་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། ཏང་ཀྲི་པུའུ་ཁག་གིས་སྡེ་ཚན་དེ་ག་དང་། ཁྱབ་ཁོངས་དེ་གའི་ལྟེ་བའི་ལས་དོན་དང་། དབུལ་སྒྲོལ་འགག་སྒྲོལ། བརྟན་ལྷིང་སྲུང་སྐྱོང་། སྣོད་བཅུད་ཁོར་ཡུག ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་གཙོ་གནད་ལས་འགན་དང་ཟུང་འབྲེལ་གྱིས་རྣམ་པ་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་1800ལྷག་ཙམ་སྤེལ་ནས་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

    “དོ་དམ་ཚན་རིག་ཅན་ལ་འགྱུར་རྒྱུ”དམ་འཛིན་བྱ་གཞིར་བྱས་ནས་ཏང་ཡོན་གྱི་གསོན་ཤུགས་འཕེལ་བར་བྱས་ཤིང་། རྫོང་ཨུད་ཀྱི་ཚན་ཁག་གི་ཁོངས་མིས་གཞི་རིམ་ཏང་ཀྲི་པུའུ་དང་འབྲེལ་གཏུག་བྱས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའི་ལས་དོན་སྐོར་གྱི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》དོན་འཁྱོལ་བྱེད་པའི་ལམ་ལུགས་བཙུགས་ནས་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས《སྲོལ་ཡིག》ལ་ཞིབ་བསྡུར་ནན་ཏན་གྱིས་ཏང་རྩ་འཛུགས་ཀྱི་སྒྲིག་བཀོད་ཚད་ལྡན་དུ་བཏང་སྟེ་ཏང་ཀྲི་པུའི་རྒྱུན་གཏན་གྱི་རྩ་འཛུགས་ཀྱི་བྱེད་སྒོ་ཁག་ལག་བསྟར་བྱེད་རྒྱུའི་མཛུབ་ཁྲིད་བྱས་ཡོད།

    “ཁྱོན་ཡོངས་ལ་ཁྱབ་རྒྱུ”དམིགས་ཚད་དུ་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་ཁྱབ་ཁོངས་ཧྲིལ་པོ་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཞིང་། “གསར་གཉིས”རྩ་འཛུགས་དང་། དགོན་སྡོད་སྒྲིག་གཞི། སློབ་གྲྭ་སོགས་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་རིགས་དབྱེ་བ་དང་ཁྱབ་ཁོངས་དབྱེ་ནས་སྤྱི་འདོམས་སྐུལ་འདེད་བཏང་ཡོད། གྲོང་ཨུད་ཀྱི་བླང་བྱ་གཞིར་བཟུང་། “གསར་གཉིས”ཏང་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་ཚད་25%ཡན་ཟིན་པ་དང་ཏང་གི་ལས་དོན་ཁྱབ་ཚད་100%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།